44785

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་འཕེལ་ཁྲི་འཛིན་གསུམ་པ་དབང་ཕྱུག་སྤྲུལ་སྐུ་སྐུ་ཕྲེང་བཞི་པ་བཀྲ་ཤིས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་དྲུག་པ་ལྕགས་སྟག་ ༡༩༥༠ ལ་རྫ་ཆུ་ཁྲོ་ཤུལ་ཞབས་མའི་ནང་མཆོད་ཚང་ཡབ་དགེ་རྩེ་མགར་ར་ཨུ་རྒྱན་སྐལ་བཟང་དང་ཡུམ་སྐལ་བཟང་སྒྲོལ་མ་གཉིས་ལ་འཁྲུངས། ངོས་འཛིན་དང་མཚན་རྫོང་སར་མཁྱེན་བརྩེ་ནས་གནང་། ལྕགས་མོ་སྐུ་འཁོར་བཅས་ཕེབས་ནས་ན་བཟའ་ཁྲུས་སོགས་གསོལ། རྒྱ་དམར་གྱི་དུས་འགྱུར་གྱིས་རྐྱེན་པས་དགུང་གྲངས་སུམ་ཅུ་རིང་ཁྲི་སྟོན་ལ་འགྱངས་སོང་། སླར་ཡར་དུས་བཟང་གི་ཉི་མ་ཤར་སྐབས་ཁྲི་སྟོན་མཛད། མཁན་ཐུབ་ནོར་དང་། ཨ་རིག་མཁན་པདྨ་ཚེ་དབང་། མཁན་པོ་མུན་སེལ། མཁན་པོ་ཐུབ་དགའ། འབར་ཆུང་སངས་གྲགས། རྒྱ་རོང་དབོན་སྤྲུལ་བསྟེན་ནས་སྙིང་ཐིག་ཡ་བཞི། དུམ་གཉིས་ཀྱི་དབང་ལུང་། ཞི་ཁྲོ་གཅོད། རྫོགས་ཆེན་སྔོན་འགྲོ་ནས་ཐུན་མིན་ཁྲེགས་ཆོད་ཐོད་རྒལ། རིགས་འདུས་དང་རིག་འཛིན་བརྒྱད་ཀྱི་དབང་། ཕུར་དབང་དང་རིག་པའི་རྩལ་དབང་གསན། རྒྱ་རོང་དབོན་སྤྲུལ་ལས་ཉི་གྲགས་ཆོས་སྐོར་ཆ་ཚང་དང་། གཞན་ཡང་གསེར་ཐར་མཁན་འཇིགས་མེད་ཕུན་ཚོགས་ནས་གར་དབང་ལྷ་དགུའི་དབང་སོགས་མནོས་ཤིང་། ད་ལྟ་ཞབས་པད་བརྟན་བཞིན་བཞུགས་པའོ། །