44789

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་འཕེལ་ཁྲི་འཛིན་དང་པོ་སྐུ་ཕྲེང་དྲུག་པ་འཕྲིན་ལས་ཀུན་ཁྱབ་ (1)
Part of speech མིང་ཚིག
Definition བསྟན་འཕེལ་ལྕགས་མོ་སྤྲུལ་སྐུ་སྐུ་ཕྲེང་དྲུག་པ་འཕྲིན་ལས་ཀུན་ཁྱབ་ནི། སྡེ་དགེ་རྫོང་ཨོན་ཐོག་ཤང་ཡར་གླིང་རིན་ཆེན་གླིང་དུ་ཡབ་ཚེ་སྟོབས་དང་ཡུམ་ཨ་ཚེ། གླང་ཐིལ་མི་རྒྱུད་གྲང་སྨད་ཚང་སར་རབ་བྱུང་བཅུ་དྲུག་ཆུ་གླང་ ༡༩༧༣ ལོ་བོད་ཟླ་ ༤ པའི་ཚེས་ ༡༥ ཉིན་སྐུ་འཁྲུངས། ཚབ་ཚ་སྒྲུབ་རྒན་བརྒྱད་པ་ཀརྨ་སེང་གེ་དང་སི་ཏུ་རིན་པོ་ཆེ་རྣམ་གཉིས་ཀྱིས་ངོས་འཛིན་གནང་། མཚན་ཀརྨ་ཡེ་ཤེས་འགྱུར་མེད་དགེ་ལེགས་དར་རྒྱས་འཕྲིན་ལས་ཀུན་ཁྱབ་བསྩལ། གསེར་ཁྲིར་མངའ་གསོལ་རྒྱས་པར་གནང་། ཀློག་སློབ་ཀུན་བཟང་རིག་འཛིན་ནས་ཆོས་སྤྱོད་དང་དཀྱིལ་འཁོར་སོགས་ལེགས་པར་བསླབས། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་མདུན་ནས་འདོད་འབྱུང་བུམ་བཟང་དང་། རྫོང་གསལ་མཁྱེན་བརྩེའི་མདུན་ནས་སྙིང་ཐིག་ཡ་བཞི་ལྗགས་ལུང་མནོས། དགུང་གྲངས་བཅུ་བདུན་ལ་ཞེ་ཆེན་བཤད་གྲྭའི་ནང་བཞུགས་ཏེ་ཨ་རིག་མཁན་བསོད་ཚེའི་མདུན་ནས་ཀུན་དཔལ་སྤྱོད་འཇུག་དང་དགེ་མང་ཡོན་ཏན་རྒྱ་མཚོའི་འཇིགས་གླིང་ཡོན་ཏན་མཛོད་འགྲེལ། གཞན་དགའི་མཆན་འགྲེལ། བྱམས་ཆོས་སྡེ་ལྔ་སོགས་གསན་བསམ་ལོ་གཅིག་ཙམ་གནང་། དགུང་གྲངས་ཉེར་གཅིག་ནས་དགོན་པའི་ལས་རིམ་གྱི་གཙོ་འགན་བཞེས། རང་ལུགས་ཀྱི་སྔོན་འགྲོ་བསགས་སྦྱང་དང་སྤྱི་འདུས། གུ་དྲག་ཀི་ལ་ཡའི་བསྙེན་མཚམས་མཛད། ནང་ཆེན་ཨ་ལྡེའུ་རིན་པོ་ཆེའི་མདུན་ནས། དཔལ་ལྡན་འབྲུག་པའི་བཀའ་སྲོལ་ཐུན་མིན་གྱི་སྨིན་གྲོལ་སྐོར། སྒྲུབ་ཐབས་རྒྱ་མཚོ། སྒྲུབ་ཐབས་སྐོར་ལྔ། ཆོས་སྐྱོང་སྐོར་སྙིང་པོ་དོན་གྱི་གདམས་ངག་རྣམས་དམིགས་གསལ་ཞལ་ཁྲིད་ཐོབ་ཅིང་། རབ་བྱུང་དང་བསྙེན་རྫོགས་ཨ་ལྡེའི་མདུན་ནས་མཛད། ཚབ་ཚ་སྒྲུབ་སྤྲུལ་བརྒྱད་པ་ཀརྨ་སེང་གེ་ལས་ངེས་དོན་ཕྱག་རྒྱ་ཆེན་པོ་རྒྱལ་བ་རང་བྱུང་རྡོ་རྗེ་འཆང་ཐུང་མའི་ཁྲིད་སོགས་མནོས་སོ། །རང་དགོན་སྟོན་པ་སྤྲུལ་སྐུ་ལྗགས་ལུང་ཁ་ཤས་དང་། འབའ་ཆུང་སངས་གྲགས་མདུན་ནས་ཞི་ཁྲོ་དང་གཅོད་སོགས་གསན། གཞན་ཡང་ས་སྐྱ་གོང་མ་མདུན་ནས་སྒྲུབ་སྡེ་ཀུན་འབྱུང་ཟླ་བ་གསུམ་རིང་སྨིན་དབང་མནོས། ཀླུང་ལྡིང་མཁན་རིན་པོ་ཆེ་དང་སྨིན་གླིང་ཁྲི་ཆེན་སོགས་ནས་སྨིན་དབང་སོགས་མནོས། དགུང་གྲངས་ཉེར་དགུའི་ལོར། བཤད་གྲྭའི་གཙུག་ལག་ཁང་སྤུས་ལྡན་རྟེན་དང་བཅས་གསར་སྐྲུན་དང་། བཤད་གྲྭ་བ་མཁན་སློབ་ལྔ་བཅུ་ཙམ་རྒྱུན་འཛུགས་གནང་། གངས་ལྗོངས་ཁམས་ཀྱི་བྱ་རུང་ཁ་ཤོར་མཐོང་གྲོལ་ཆེན་མོ་གསར་བཞེངས་གནང་། རབ་གནས་མཛད་སྒོ་མདོ་དབུས་ཁམས་གསུམ་ན་སྙན་གྲགས་ཆེ་བ་གནང། བཤད་གྲྭའི་བཤད་ཆུང་གསར་འཛུགས་གནང་། བཤད་གྲྭ་ཆུང་བ་གྲྭ་ལྔ་བཅུ་བཅས་ལ་གསོལ་ཕོག་སོགས་ཆ་ཚང་གནང་། གཞན་ཡང་དགོན་གཞུང་གི་ལྷ་ཁང་རྙིང་པ་ཞིག་གསོ་དང་། གསར་དུ་གཙུག་ལག་ཁང་ཀ་བ་བདུན་ཅུའི་ས་གསར་བཞེངས་གནང་བཞིན་པ་བཅས་སྐུ་འཚོ་བཞིན་བཞུགས་ཡོད།

{{#arraymap:བསྟན་འཕེལ་ཁྲི་འཛིན་དང་པོ་སྐུ་ཕྲེང་དྲུག་པ་འཕྲིན་ལས་ཀུན་ཁྱབ་

|; |@@@ | | }}