44790
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བསྟན་འཕེལ་བཞི་པ་མི་ཕམ་ཀུན་བཟང་འཆི་མེད་མཆོག་ནི། དགེ་བརྩེའི་ཕྱོགས་དེང་དཀར་མཛེས་ཁུལ། རྫ་སེར་ཤུལ་ཀོང་ས་ཚང་དུ་སྐུ་འཁྲུངས། ཁམས་སྤྲུལ་བཞི་པས་ངོས་འཛིན་གནང་ཞིང༌། སྐུ་ན་ཆུང་དུས་ནས་དམ་པའི་རང་གཤིས་མངའ། སྐུ་ཕྲེང་ན་རིམ་གྱི་རིགས་བདག་ཏུ་གྱུར་པ་དཔལ་མདོ་ཁམས་པ་སྐུ་གོང་འོག་དང་། ཨ་འཛོམ་འབྲུག་པ་རིན་པོ་ཆེ། རྫོགས་ཆེན་རིན་པོ་ཆེ་སོགས་ལས་ཕྱག་རྫོགས་ཟུང་འཇུག་གི་ཉམས་བཞེས་མཛད་ནས། འཕགས་ལམ་གྱི་རྟོགས་པ་མངོན་དུ་གྱུར། ཁྱད་པར་ཟབ་ལམ་འཕོ་བར་མངའ་བརྙེས་པའི་སྙན་གྲགས་ལྡན། ཚབ་ཚ་སྒྲུབ་རྒན་དྲུག་པའི་རྣམ་ཐར་ལས། བསྟན་སྤྲུལ་བཞི་པ་འབྲུག་གསང་སྔགས་ཆོས་གླིང་དུ་ཕེབས་སྐབས་ཤིག་ལ། ར་སྐོར་གྱི་མི་ཞིག་འཆི་བར་པད་སྙིང་དབོན་སྤྲུལ་དེར་ཕེབས་ཀྱང་འཕོ་བས་མ་ཐེབ་ནས། ཁོང་གིས་ཁྱེད་ནི་མདོ་ཁམས་སྨད་ཕྱོགས་ལ་འཕོ་བ་ནང་བྱན་ཆུབ་པའི་སྙན་གྲགས་འདུག་པས་ཉིད་ཀྱི་ཐུགས་ལ་འདོགས་པར་ཞུས་པས། དེར་ཕེབས་དུས། གྲོང་ཆོག་བླ་མ་འགས་རྣམ་ཤེས་ཐེབ་འོག་ཏུ་བཅུག་པར། བསྟན་སྤྲུལ་ནས་ཕཊ་ཤར་གཅིག་གསུངས་པས་ཐེབ་ (གཞི་མཆོད་དང་འཐོར་ནས་སོགས་འགྱེད་སའི་སྣོད་ཅིག) འཕར་བྱུང་བར། ཁྲུས་བླ་ནས་རྡོ་རྗེས་མནན་ཡང་ཕཊ་ཤར་ཅིག་མཛད་པ་ན། རྡོ་རྗེ་དང་བཅས་ནམ་མཁར་འཕང་ནས་མར་ལྷུང་སྟེ་བླ་མའི་གསོལ་ཞལ་བཅག རྣམ་ཤེས་དག་ཞིང་དུ་སྤར། ཁྲུས་བླ་དེས་བཟོད་གསོལ་ཞུས་ཞེས་འཁོད་འདུག དེ་སྐབས་སུ་རྫོགས་ཆེན་སློབ་དཔོན་དང་། བསྟན་འཕེལ་ལྕགས་མོ་སྤྲུལ་སྐུ་གཉིས་ལ་འཕོ་འདེབས་གནང་མཁན་དེའི་གོང་ན་མེད་པའི་གྲགས་པ་བྱུང་འདུག ཁམས་སྤྲུལ་ལྔ་པ་མི་ཕམ་སྒྲུབ་བརྒྱུད་ཉི་མའི་ཞལ་སློབ་ཐུན་མིན་དུ་གྱུར་ཅིང་། བསྟན་འཕེལ་རིམ་བྱོན་སྐུ་ཚེ་མ་བརྟན་པའི་མཚན་མ་མཆོད་རྟེན་གྱི་ནང་དུ་ན་བཟའ་མནན་པ་བྱས་འདུག་པ། ཁམས་སྤྲུལ་ལྔ་པས་མཆོད་རྟེན་གསར་བཞེངས་དང་འབྲེལ། མཆོད་རྟེན་གྱི་བུམ་པར་གདན་འདྲེན་ཞུས་པས། དེ་ཕྱིན་སྐུ་ཕྲེང་རྣམས་སྐུ་ཚེ་རིང་པོར་བཞུགས་ཤིང་། དགོན་པ་དར་རྒྱས་བྱུང་བ་སོགས་ཕན་ཡོན་ཆེན་པོ་བྱུང་འདུག |