44792
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བསྟན་འཕེལ་དགོན་གྱི་ཁྲི་འཛིན་དྲུག་པ་སྐུ་ཕྲེང་དང་པོ་རིག་འཛིན་སྤྲུལ་སྐུ་མཆོག་ནི། འཁྲུངས་ཡུལ་རྫ་རྒྱུད་ཡ་དིང་ཇི་གཅོད་ཀུན་བཟང་རྡོ་རྗེ་ཚང་སར་འཁྲུངས། རྟོགས་ལྡན་ཤཱཀྱ་ཤྲཱི་དང་ཁམས་སྤྲུལ་བདུན་པ་སངས་རྒྱས་བསྟན་འཛིན་སོགས་བསྟེན་ནས། ཐོས་བསམ་ཡོན་ཏན་མཐར་ཕྱིན། ཁྱད་པར་འབྲུ་འཇམ་གྲགས་རིགས་བདག་ཏུ་བསྟེན་ནས། སྒྲུབ་བརྒྱུད་རང་གི་ཕ་ཆོས་ནཱ་རོ་ཆོས་དྲུག་དང་། གྲོལ་ལམ་ཕྱག་ཆེན་རྣམས་ཀྱི་ཉམས་བཞེས་དཔྱིས་ཕྱིན་པར་གནང་། ལྷ་ས་དང་གཙང་སོགས་ལ་གནས་མཇལ་བྱོན་འདུག། །སྐུ་ཚེ་སྒྲུབ་པ་ཁོ་ན་སྣ་ཁུང་དབེན་རིར་གནང་། དབེན་རི་དེ་ཉིད་དུ་སྐྱོ་ཤས་ངེས་འབྱུང་གི་ཐུགས་རྒྱུད་ཀྱིས་བརྒྱན་པས། སྒྲུབ་པ་གཙོ་བོ་མཛད་པའི་འཁོར་སློབ་ཀྱི་གང་བར་གླེང་བ་ནི་དོན་ལ་གནས་པའི་གཏམ་མོ། །སྐུ་འདའ་ཁར་སྐུ་གདུང་དུང་དཀར་གྱི་ཁ་ལ་ཞོགས་དང་སྐྱེ་སྲིད་རྗེས་མ་གསུང་དབྱངས་སྙན་འཇེབས་ཅན་ཕེབས་ངེས་ཀྱི་གསུང་ལུང་གནང་ནས་སྐུ་གཤེགས། |