44795

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་འཕེལ་ཁྲི་འཛིན་བདུན་པ་ཐུགས་སྤྲུལ་གཉིས་པ་འགྱུར་མེད་རྡོ་རྗེ་ (1)
Part of speech མིང་ཚིག
Definition ཐུགས་མཆོག་སྤྲུལ་སྐུ་སྐུ་ཕྲེང་གཉིས་པ་འགྱུར་མེད་རྡོ་རྗེ་མཆོག་ནི། འཁྲུངས་ཡུལ་རྫ་སྨད་མཁར་ནག་གྲོང་མགོ་ཚང་སར་ཡབ་ཐོགས་མེད་དང་། ཡུམ་གཡུ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། རྫོགས་ཆེན་རིན་པོ་ཆེས་ངོས་འཛིན་འཁྲུལ་བྲལ་གནང་ཞིང་མཚན་འགྱུར་མེད་རྡོ་རྗེ་གསོལ། ཀློག་སློབ་དབང་དགའ་ནས་འབྲི་ཀློག་དཀྱིལ་ཆོག་གནང་བའོ། །རྩིས་སོགས་མཁྱེན་ཞིང་སྒྲུབ་པའི་ཕྱག་ལས་ལ་མཁས། ལྕགས་མོ་སྤྲུལ་སྐུ་རྒྱལ་སྲས་འཕྲིན་ལས་རྣམ་རྒྱལ་ལས། དབང་ལུང་གི་རིམ་པ་ཐམས་ཅད་གསན། མཁན་པོ་འཇམ་དཔལ་བཟང་པོ་ལས་འབྲུག་ལུགས་ངེས་གསང་རྒྱ་ཆེན་པོ་དང་། ཆོས་སྐྱོང་རིགས་འདུས་སོགས་མནོས། བཟླས་བརྗོད་སོགས་རྒྱ་ཆེ་ཞིང་ཕྱག་འཁོར་གྱིས་དུང་ཕུག་པའི་ཕྲེང་བ་མཆིས། མོ་རྩིས་གང་གཟིགས་ཀྱང་ནོར་འཛོལ་མེད་ཅིང་རིམ་འགོག་གི་བསྲུང་བས་ཆམ་རིམ་འགོག་པ་སོགས་ཕན་འབྲས་མངོན་མཚན་མཆིས། རྒྱ་དམར་གྱི་དུས་འགྱུར་ཚེས་ནས་ཕྱི་ལོ་ ༡༩༤༢ ལ་འདན་རྫོང་ཁྲིམས་ཁང་དུ་སྐུ་གཤེགས་དུས་དགུང་གྲངས་བཞི་བཅུ་ཞེ་སྟོད་ཙམ་ཡིན་པར་འདུག། སྐུ་གཤེགས་པའི་དུས་ནོར་འཛོལ་མེད་པར་ཆུ་ངོགས་པད་དཀར་དང་ཚབ་ཚ་སྒྲུབ་སྤྲུལ་གཉིས་དེ་སྐབས་ལྷན་དུ་མཆིས་ཤིང་ཞལ་གསལ་གསུང་རྒྱུ་འདུག།