44802

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་འཕེལ་ཁྲི་འཛིན་བཞི་པ་འགྱུར་སྤྲུལ་ལྔ་པ་གཞན་ཕན་རྣམ་རྒྱལ་ (1)
Part of speech མིང་ཚིག
Definition འགྱུར་སྤྲུལ་ལྔ་པ་གཞན་ཕན་རྣམ་རྒྱལ་མཆོག་ནི། རྫ་རྒྱུད་གསེར་འབར་རྫས་དགའ་སར་འཁྲུངས། རྫོང་སར་མཁྱེན་བརྩེ་ནས་ངོས་འཛིན་གནང་། མཚན་གཞན་ཕན་རྣམ་རྒྱལ་གསོལ། བསྟན་འཕེལ་ལྕགས་མོ་ལྔ་པ་འཕྲིན་ལས་རྣམ་རྒྱལ་ལས་འབྲུག་ལུག་གི་ཆོས་སྐོར་སྨིན་གྲོལ་གདམས་ཟབ་རྣམས་ཆ་ཚང་མནོས། གཞན་ཡང་ཞེ་ཆེན་རབ་འབྱམས་ལས་རིན་ཆེན་གཏེར་མཛོད་ཀྱི་བཀའ་དབང་ཆ་ཚང་ཞུས། འགྱུར་མེད་སྤྲུལ་སྐུ་འདི་ཉིད་སྐུ་ན་ཆུང་སྐབས་ནས་གྲུབ་སྤྱོད་སྣ་ཚོགས་པ་ཞིག་ཡོད་པར་གླེང་། རྒྱ་དམར་གྱི་དུས་འགྱུར་སྐབས། ཕྱུགས་རྩྭ་ལ་གནོད་པའི་ཨ་བྲ་གསོད་པའི་ལས་འགུལ་ནང་བཞུགས་དགོས་བྱུང་འདུག། །ཨ་བྲ་བསད་པའི་ཤ་ལྤགས་ཕྱེ་བ་རྣམས། ལྤགས་ཀྱིས་གཡོག་སྟེ་སླར་གསོན་པོ་གྱུར་པ་དང་། བྱིའུ་བསད་པ་རྣམས་མཁའ་ལ་འཕུར་བཅུག་པ་སོགས་གྲུབ་རྟགས་གནང་། ཁྲིམས་ཁང་དུ་བྱོན་དགོས་བཤད་ཚེ་སློབ་དཔོན་ལ། ང་རང་ཤི་བ་དང་ཁྲིམས་ཁང་དུ་འགྲོ་བ་གཉིས་གང་དགའ་གསུང་ཚེ། དག་ཞིང་དུ་ཕེབས་ན་མི་དགའ་འམ་ཞུས་པར། དགུང་གྲངས་བཅུ་བདུན་ཐོག་སྙུང་སོགས་གང་ཡང་མེད་པར་སྐྱེ་འཆི་རང་དབང་སྒོ་ནས་སྐུ་གཤེགས་སོ། །