44803

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་འཕེལ་ཁྲི་འཛིན་བརྒྱད་པ་བཤད་སྤྲུལ་གཉིས་པ་བཤད་སྒྲུབ་འོད་ཟེར་ (1)
Part of speech མིང་ཚིག
Definition བསྟན་འཕེལ་ཁྲི་འཛིན་བརྒྱད་པ་བཤད་སྒྲུབ་སྤྲུལ་སྐུ་སྐུ་ཕྲེང་གཉིས་པ་འདིའི་འཁྲུངས་ཡུལ་རྫ་སྨད་གསེར་མདའ་ལམ་ལྟག་ཚང་སར། མེ་འབྲུག་ ༡༩༧༤ ལ་ཡབ་སྤྲུལ་སྐུ་མར་དགོན་མཁར་དམར་དང་། ཡུམ་ལྷ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དིལ་མགོ་མཁྱེན་བརྩེས་ངོས་འཛིན་གནང། མཚན་བཤད་སྒྲུབ་འོད་ཟེར་གསོལ། སྐྱེ་སྤྲུལ་མཆོག་ནས་ང་བསྟན་འཕེལ་དགོན་པ་ནས་ཡིན་པ་གསུང་འབྱུང་བ་སོགས་མཆིས་ཤིང་། སྐུ་ན་ཆུང་སྐབས་ནས་སྤྱོད་བཟང་ལྡན་ཞིང་ཀུན་གྱི་ཡིད་དུ་འོང་བར་གྲགས། ཀློག་སློབ་བུ་འབྲིང་ནས་འབྲི་ཀློག་བསླབས་ནས་ཚེགས་མེད་མཁྱེན། ནང་ཆེན་ཨ་ལྡེའུ་རིན་པོ་ཆེ་ལས་རང་ལུགས་དཔལ་ལྡན་འབྲུག་པའི་སྒྲུབ་ཐབས་རྒྱ་མཚོ། སྒྲུབ་ཐབས་སྐོར་ལྔ་སོགས་སྨིན་གྲོལ་སྐོར་རྒྱ་ཆེན་དང་། སྤྲུལ་སྐུ་བསོད་ནམས་དགེ་བ་ལས་པད་དཀར་བཀའ་འབུམ་ཆ་ཚང་སོགས་གསན། དེ་སྐབས་ཨ་ལྡེའུ་མདུན་ནས་རབ་བྱུང་དང་བསྙེན་རྫོགས་ཞུས། ཨ་འཛོམ་འབྲུག་པའི་མདུན་ནས་རྫོགས་ཆེན་སྙན་རྒྱུད་སྐོར་སོགས་གསན། གཞན་ཡང་གསེར་རྟ་སྲས་མཁར་བླ་མ་འཇིགས་མེད་འོད་ཟེར་མདུན་ནས་སྔོན་འགྲོ་དང་། ནི་གུ་ཆོས་དྲུག་ཟླ་བ་དྲུག་རིང་ཉམས་བཞེས་མཛད། པད་དཀར་ཀི་ལ་ཡའི་བསྙེན་སྒྲུབ་སོགས་ཐུགས་དམ་ཉམས་བཞེས་ཀྱི་རིམ་པ་གནང་། ཁྱད་པར་བསྟན་པའི་སྙིང་པོ་ལུང་རྟོགས་གཉིས་ཡིན་ཕྱིར་བཤད་སྒྲུབ་ཀྱི་སྒོ་ནས་འཛིན་དགོས་སྟབས། སྤྲུལ་སྐུ་བཤད་སྒྲུབ་ཉིད་ཀྱིས་ཐུགས་བསྐྱེད་བཀའ་དྲིན་ལྷུར་བཞེས་ཏེ། དེང་སྒྲུབ་ཁང་ཆེན་མོ་དང་། གཞན་ཡང་འཆམ་ཁང་། ཇ་ཁང་། མཆོད་རྟེན་ཆ་བརྒྱད་སྨིས་བརྒྱད་ཅན་བཅས་ལ་སྐུ་ངལ་དང་འགྲོ་སོང་ཆེར་མཛད་གནང་ནས་བཞེངས་བཞིན་པ་དང་། ཨ་སྐྱོང་རྟོགས་ལྡན་ལས་གསང་སྙིང་ཆ་ཚང་། སྒྱུ་འཕྲུལ་ཞི་ཁྲོའི་དབང་ཟབ་ཁྲིད་ནམ་མཁའ་སྤྲིན་བྲལ། མཁའ་དབྱིངས་ཉི་ཟླ། གཞན་རྫོགས་ཆེན་པད་མ་སྐལ་བཟང་ལས་སྙིང་ཐིག་ཡབ་བཞིའི་དབང་སོགས་གསན་གནང་ཞིང་། ད་ལྟ་ཞལ་བཞུགས་བཞིན་པ་ལགས།