44804
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བསྟན་འཕེལ་དགོན་པའི་ཁྲི་འཛིན་བརྒྱད་པ་བཤད་སྒྲུབ་སྤྲུལ་སྐུའི་འཁྲུངས་ཡུལ་སྐུ་ཚེ་ཁོག་མགོན་སར་སྐུ་འཁྲུངས་པར་བཤད། བླ་མ་ངག་འབྱུང་དང་འདའ་ཤུལ་བླ་མ་སོགས་གཙོ་བོ་བསྙེན་ཞིང་། རིས་མེད་ཀྱི་ཆོས་སྐོར་མང་དུ་ཞུས། ས་ར་ངོ་ལ་ལོ་གསུམ་སྒྲུབ་པ་མཛད། ཕྱིས་བྲག་ཆེན་མའི་སྒྲུབ་ཕུག་ལ་ལོ་མང་བཞུགས། དེ་ནས་བསྟན་འཕེལ་དགོན་གྱི་མགོན་བླ་ལོ་མང་བཞུགས། ཕུར་པ་དང་གུ་དྲག་སེང་གདོང་གི་སྒྲུབ་པ་ལ་མཁས་ཤིང་། རྟགས་མཚན་མངོན་སུམ་དུ་སྟོན་པར་གནང་བའི་གྲགས་པ་མཆིས། ཟབ་མོ་གཅོད་སྐོར་གྱི་ཉམས་བཞེས་བཟང་བར་གྲགས། |