44806

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་འཕེལ་ཁྲི་འཛིན་ལྔ་པ་སྟོན་སྤྲུལ་གསུམ་པ་མཁས་གྲུབ་རིན་ཆེན་དཔལ་ (1)
Part of speech མིང་ཚིག
Definition སྟོན་པ་སྤྲུལ་སྐུ་སྐུ་ཕྲེང་གསུམ་པ་འདིའི་འཁྲུངས་ཡུལ། རྫོགས་ཆེན་འབྲོག་རུ་བ་རྒྱ་ཁྲ་འབུམ་སར་འཁྲུངས། མཚན་མཁས་གྲུབ་རིན་ཆེན་དཔལ་གསོལ། ཁམས་ཀརྨ་བསྟན་འཕེལ་ལས་རབ་ཏུ་བྱུང་། འཁྲུལ་ཞིག་རིན་པོ་ཆེ་ལ་ཡང་བསྟེན་པར་གསལ། འགྱུར་སྤྲུལ་དང་ལྷན་དུ་རང་ལུགས་བཀའ་སྲོལ་གྱི་སྨིན་གྲོལ་སོགས་གསན། གཞན་ཡང་ཞབས་དྲུང་ལས་སྨིན་དབང་དུ་མ་གསན་ཞེས་གྲགས། དགོན་རྙིང་གདོང་དུ་ངག་འབྱུང་དང་། འགྱུར་སྤྲུལ། སྟོན་སྤྲུལ་མཆིས་ཤིང་། དེང་གི་དགོན་པ་ཕུན་ཚོགས་བསམ་གཏན་གླིང་བཏབ་སྐབས། དེ་དུས་སྟོན་སྤྲུལ་དང་འགྱུར་སྤྲུལ་གཉིས་ཀྱིས་ཆོས་ཁྲིམས་མཛད་གནང་ངོ་། །སྣ་ཁུང་གདོང་དུ་ཀུན་སྤངས་བྱ་བྲལ་ཅན་ར་ལྤགས་ཀྱི་སྟོན་ཐུང་མནབས་པ་ཅན་འགའ་ཞིག་ཡོད་འདུག།