44810

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་འཕེལ་ཁྲི་འཛིན་ལྔ་པ་སྟོན་སྤྲུལ་བཞི་པ་རྟོགས་ལྡན་ཤེས་རབ་སྙིང་པོ་ (1)
Part of speech མིང་ཚིག
Definition ཁོང་གི་འཁྲུངས་ཡུལ་ཡ་དིང་ཇི་གཅོད་དགེ་ལེགས་སར་འཁྲུངས། བླ་མ་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་བསྙེན་ནས། སྒེར་གཏེར་གྱི་ཆོས་སྐོར་ཡོངས་རྫོགས་གནང་། ཁྱད་པར་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ་ལས། ཐུན་མིན་དཔལ་ལྡན་འབྲུག་པའི་སྨིན་གྲོལ་རྣམས་གསན་བཞེས་གནང་། གཞན་ཡང་འདའ་ཤུལ་བསོད་ནམས་ཆོས་ལྡན་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། སྐུ་དུས་འདི་སྐབས་ན་འགྱུར་སྤྲུལ་དང་སྟོན་སྤྲུལ་གཉིས་ཁམས་སྒར་སོགས་སུ་མཉམ་དུ་ཕེབས་པར་མཛད་ཅིང་། ཕན་ཚུན་ཐུགས་བརྩེ་དར་དཀར་ཡུག་གཅིག་ཏུ་གྱུར་འདུག།