44814

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀ་ (1)
Part of speech མིང་ཚིག
Definition གཡུང་དྲུང་གླིང་གི་དཔོན་སློབ་བདུན་པ་མཁས་གྲུབ་ལུང་རྟོགས་རྒྱ་མཚོ་མཆོག་ནས། རབ་བྱུང་བཅོ་ལྔ་པའི་མེ་སྦྲུལ་ཕྱི་ལོ་ ༡༩༡༨ ལོར་བརྩམས་གནང་བའི་བསྟན་འབྱུང་ཞིག་གོ །ནང་གི་དོན་ཚན་ལ་ཡང་ལྔ་ཡོད་དེ། ལྔ་ནི། ཕྱི་སྣོད་འཇིག་རྟེན་ཆགས་ཚུལ་བསྟན་པ། ནང་བཅུད་སེམས་ཅན་གྲོལ་ཚུལ་བསྟན་པ། འགྲོ་འདུལ་སྟོན་པ་བྱོན་ཚུལ་བསྟན་པ། བསྟན་པ་དར་ནུབ་བྱུང་ཚུལ་བསྟན་པ། མ་འོངས་བསྐལ་པ་འགྲིབ་ཚུལ་བསྟན་པ་དང་ལྔའོ། །མཛད་གནས་ནི་གཡུང་དྲུང་གླིང་དུ་སྦྱར་བའོ། །