44829

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་ཡོད་བསྟན་མེད་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བསྟན་དུ་ཡོད་པ་ནི་ཁམས་བཅོ་བརྒྱད་པོ་འདིར་ནི་གཟུགས་ཀྱི་ཁམས་གཅིག་པུ་ཞེས་གཞན་ལྡན་རྣམ་གཅོད་དུ་སྦྱར་གྱི་མི་ལྡན་རྣམ་གཅོད་ཀྱི་ངེས་གཟུང་དུ་སྦྱོར་བ་ནི་མ་ཡིན་ཏེ། རྡུལ་ཕྲ་རབ་ལ་མ་ཁྱབ་པའི་ཕྱིར་རོ། །དེའི་ཕྱིར་འགྲེལ་པ་ལས་རྡུལ་ཕྲ་རབ་ནི་མི་མཐོང་བའི་ཕྱིར་བསྟན་དུ་མེད་པ་ཡིན་ནོ་ཞེས་སོ། །ལྷག་མ་བཅུ་བདུན་ནི་བསྟན་དུ་མེད་པ་ཡིན་ཏེ། དེ་ཡང་འདིའི་འདི་ནའོ་ཆེ་གེ་མོ་ཞིག་ནའོ་ཞེས་མིག་ཤེས་ལ་བསྟན་དུ་རུང་བ་ནི་བསྟན་ཡོད་ཡིན་ན་དེ་ནི་གཟུགས་ཀྱི་ཁམས་གཅིག་པུ་ལ་རུང་གི་གཞན་བཅུ་བདུན་པོ་ལ་མེད་པའི་ཕྱིར་རོ། །ཞེས་མཆིམས་བློ་བཟང་གྲགས་ཀྱི་ཆོས་མངོན་པ་གསལ་བྱེད་ལེགས་པར་བཤད་པའི་རྒྱ་མཚོ་ལས་སོ། ། བསྟན་དུ་ཡོད་པའི་ཁམས་ནི་གཟུགས་ཁམས་ཁོ་ན་ལ་འཇོག་སྟེ། མིག་གི་ཡུལ་དུ་བསྟན་དུ་ཡོད་ན། གཟུགས་ཁམས་ཡིན་པས་ཁྱབ་པའི་ཕྱིར། ཁམས་གཞན་རྣམས་ནི་མིག་གི་ཡུལ་མ་ཡིན་པས་བསྟན་མེད་ཁོ་ན་ཡིན་ནོ། །གཟུགས་ཁམས་ཡིན་ཡང་བསྟན་ཡོད་ཡིན་པས་མ་ཁྱབ་སྟེ། མིག་གི་ཡུལ་དུ་མ་གྱུར་པའི་གཟུགས་ཡོད་པའི་ཕྱིར་ཏེ། དེ་མཚུངས་ཀྱི་གཟུགས་ཁམས་དེ་དེ་ཡིན་པའི་ཕྱིར་ཏེ། མིག་གི་ཡུལ་དུ་གྱུར་པའི་གཟུགས་ཁམས་ཡིན་ན། བརྟེན་པ་དང་བཅས་པའི་གཟུགས་ཁམས་ཡིན་པས་ཁྱབ་པའི་ཕྱིར་རོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།