44831

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་རིམ་གྱི་ཁྲིད་ (1)
Part of speech མིང་ཚིག
Definition ཇོ་ནང་། བསྟན་རིམ་གྱི་ཟབ་ཁྲིད་འདི་ཉིད་ཇོ་ནང་ཀུན་དགའ་གྲོལ་མཆོག་གིས་འཕགས་བོད་ཀྱི་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱི་ཟབ་ཁྲིད་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་བསྡུས་པའི་ཟབ་ཁྲིད་ཀྱི་རིམ་པ་བཅུ་པ་ཡིན། བརྗོད་བྱ། བཀའ་གདམས་གོང་མའི་མན་ངག་བཞིན་བསྟན་རིམ་གྱི་དོན་རྣམས་ཉམས་སུ་ལེན་ཚུལ་གྱི་རིམ་པར་བསྡུས་ཏེ་བསྟན་ཡོད། བརྒྱུད་རིམ་ནི། ཐུབ་ཆེན་བྱམས་མགོན་ཐོགས་མེད་སྐུ་མཆེད་གཉིས། གྲོལ་སྡེ་རྣམ་གཉིས་སྣང་མཛད་སེང་གེ་བཟང་། ཀུ་སུ་ལུ་གཉིས་གསེར་གླིང་ཇོ་བོ་རྗེ། འབྲོམ་སྟོན་པོ་ཏོ་བ་དང་ཤ་ར་བ། གཏུམ་སྟོན་གྲོ་སྟོན་ཞང་སྟོན་སངས་རྒྱས་སྒོམ། མཆིམས་ཆེན་སྐྱ་སྟོན་ཟེའུ་མཆེད་གཉིས་དང་། མཆིམས་སྟོན་བློ་གྲགས་གྲོ་སྟོན་ཀུན་རྒྱལ་མཚན། གྲུབ་པ་ཤེས་རབ་དཔལ་ལྡན་དོན་ཀུན་གྲུབ། རྭ་སྟན་ལན་དཔལ་ཀུན་དགའ་མཆོག་གྲུབ་ཞབས། ཞེས་སོགས་བྱུང་ངོ་། །རྗེ་བཙུན་གྲོལ་མཆོག ནས། གསོལ་བ་འདེབས། ཞེས་པའི་བར་གཞན་རྣམས་དང་འདྲ། ཟབ་ཁྲིད་འདི་ནི་གཞུང་དེ་ཉིད་ལས། མཆིམས་ཀྱི་ཡིག་སྙིང་ལས་བཏུས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།