44836

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་སྐྱོང་རྒྱལ་པོ་བཅུ་དྲུག་ (1)
Part of speech མིང་ཚིག
Definition བོན། སྟོན་པ་གཤེན་རབ་མི་བོ་མཆོག་གིས་(ཕྱི་ལོའི་སྔོན་ ༡༣༥༡༦ ) བསྟན་པ་རྗེས་བཞག་སྐབས་སུ། ལྷ་ཀླུ་མི་གསུམ་ནས་བྱོན་པའི་བསྟན་པ་འཛིན་སྐྱོང་སྤེལ་མཁན་གྱི་རྒྱལ་པོ་ལས་བསྟན་པ་སྐྱོང་མཛད་རྒྱལ་པོ་བཅུ་དྲུག་བྱོན་ཏེ། གཟི་བརྗིད་པོད་བཅུ་གཅིག་ལས། བསྟན་སྐྱོང་རྒྱལ་པོ་བཅུ་དྲུག་གོ ། ཞེས་སོ། །བཅུ་དྲུག་ནི། ཚངས་པ་ཆེན་པོ་དང། དྲི་ཟའི་རྒྱལ་པོ་གཙུག་ཕུད་ལྔ། གནོད་སྦྱིན་རྒྱལ་པོ་གང་བ་བཟང་པོ། ཀླུ་དབང་རྒྱལ་པོ་སྦྲུལ་མགོ་བདུན། གཤིན་རྗེའི་རྒྱལ་པོ་ཡ་མ་ར། མེ་ལྷའི་རྒྱལ་པོ་ཨག་ནེ་ར། བདེན་བྲལ་ཆེན་པོ་བྱིན་ན་ཡག རླུང་རྒྱལ་ཆེན་པོ་བེ་ཅི་རམ། སྲིན་པོའི་རྒྱལ་པོ་རུ་ཏྲ་འཛིན། ཁྱབ་པ་དབང་ཆེན་ས་ཡི་བདག མ་ཧ་དེ་བ་ལྷ་ཡི་དཔོན། གཉན་རྗེ་གོང་སྔོན་མཐུ་བོ་ཆེ། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། རྒྱལ་པོ་ཆེན་པོ་སྤྱན་མི་བཟང་། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་བཅུ་དྲུག་གོ །
Domain ཆོས་ལུགས།