44838

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟན་སྤེལ་གཤེན་པོ་བཅུ་དྲུག་ (1)
Part of speech མིང་ཚིག
Definition བོན། སྟོན་པ་གཤེན་རབ་མི་བོ་མཆོག་གིས་(ཕྱི་ལོའི་སྔོན་༡༣༥༡༦) བསྟན་པ་རྗེས་བཞག་སྐབས་སུ། བསྟན་པ་དེ་ཉིད་མི་ཉམས་སྤེལ་བའི་བོན་གཤེན་བྱོན་པ་སྟེ། གཟི་བརྗིད་པོད་བཅུ་གཅིག་ལས། བསྟན་སྤེལ་གཤེན་པོ་བཅུ་དྲུག་སྟེ། ཞེས་སོ། །བཅུ་དྲུག་ནི། གཟི་བརྗིད་པོད་བཅུ་གཅིག་ལས། སྟེང་ཕྱོགས་ལྷ་ཡུལ་བསྟན་སྤེལ་བ། ཡོངས་སུ་དག་པ་སྤྲུལ་བའི་གཤེན། འོག་ཕྱོགས་ཀླུ་ཡུལ་བསྟན་སྤེལ་བ། ཡེ་ཤེས་སྙིང་པོ་ཀླུ་ཡི་གཤེན། མི་ཡུལ་གླིང་བཞི་བསྟན་སྤེལ་བ། མི་ལུས་བསམ་ལེགས་སྤྲུལ་བའི་གཤེན། ཕྱྭ་གཤེན་ཐེག་པའི་བསྟན་སྤེལ་བ། ལེགས་རྒྱལ་ཐང་པོ་སྤྲུལ་བའི་གཤེན། སྣང་གཤེན་ཐེག་པའི་བསྟན་སྤེལ་བ། སྣང་གཤེན་གཙུག་ཕུད་སྤྲུལ་བའི་གཤེན། འཕྲུལ་གཤེན་ཐེག་པའི་བསྟན་སྤེལ་བ། སྟག་ལྷ་མེ་འབར་སྤྲུལ་བའི་གཤེན། སྲིད་གཤེན་ཐེག་པའི་བསྟན་སྤེལ་བ། འདུལ་གཤེན་རྨ་བོ་སྤྲུལ་བའི་གཤེན། དགེ་བསྙེན་ཐེག་པའི་བསྟན་སྤེལ་བ། ཚངས་པ་གཙུག་ཕུད་སྤྲུལ་བའི་གཤེན། དྲང་སྲོང་ཐེག་པའི་བསྟན་སྤེལ་བ། རྣམ་དག་གཙུག་ཕུད་སྤྲུལ་བའི་གཤེན། ཨ་དཀར་ཐེག་པའི་བསྟན་སྤེལ་བ། གསང་བ་འདུས་པ་སྤྲུལ་བའི་གཤེན། ཡེ་གཤེན་ཐེག་པའི་བསྟན་སྤེལ་བ། ཡེ་གཤེན་གཙུག་ཕུད་སྤྲུལ་བའི་གཤེན། བླ་མེད་ཐེག་པའི་བསྟན་སྤེལ་བ། ཚད་མེད་གཙུད་ཕུད་སྤྲུལ་བའི་གཤེན། གཏོ་རབས་སུམ་བརྒྱའི་བསྟན་སྤེལ་བ། གཏོ་བུ་འབུམ་སངས་སྤྲུལ་བའི་གཤེན། ཉི་ཁྲི་དཔྱད་ཀྱི་བསྟན་སྤེལ་བ། དཔྱད་བུ་ཁྲི་ཤེས་སྤྲུལ་བའི་གཤེན། སྐུ་གདུང་རྒྱས་པའི་བསྟན་སྤེལ་བ། ཁ་སྟེ་མུ་ཡ་སྤྲུལ་བའི་གཤེན། གསུང་རབ་འདོན་མཆོད་བསྟན་སྤེལ་བ། སྤང་ལ་གནམ་གཤེན་སྤྲུལ་བའི་གཤེན། ཞེས་སོ། །
Domain ཆོས་ལུགས།