44862

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟབ་པ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། བསྟན་འགྲོའི་དོན་ལ་འཚེ་བའི་བསྒྲལ་བའི་ཞིང་བཅུ་རྣམས་བསྒྲལ་ཏེ་ཡི་དམ་ཞི་ཁྲོ་སོགས་དཀྱིལ་འཁོར་རམ་ཞལ་དུ་འབུལ་བ་ལ་བྱ་ཞིང་། དེ་ཡང་རྣམ་པ་གསུམ་སྟེ། རྫུ་འཕྲུལ་དྲྭ་བའི་རྒྱུད་ལས། བསྟབ་པ་ཉིད་ལ་གསུམ་ཡིན་ཏེ། རྒྱུ་དང་ཐབས་དང་དགོས་པའོ། །རྒྱུ་ནི་བསྒྲལ་བའི་ཞིང་བཅུའོ། །ཐབས་ནི་སྔགས་དང་ཕྱག་རྒྱ་དང་། ཏིང་འཛིན་ཚིག་བཤད་བཞི་ཡིས་བསྟབ། དགོས་པ་རྣམ་རྟོག་ཞི་བའོ། །དེ་ལྟར་གྱུར་པའི་ཚོགས་རྣམས་ལ། ཆུ་ཟླ་ལྟ་བུའི་ཚུལ་ཤེས་ན། ཡེ་ཤེས་ཚོགས་ནི་རྫོགས་པར་འགྱུར། ཞེས་པས། དེ་ལ་རྒྱུ་བསྒྲལ་བྱའི་ཞིང་བཅུ་གང་རུང་ཚང་ལ། སྒྲོལ་བའི་ཐབས་ལ་ཡང་སྔགས་ཀྱིས་འགུགས་པ། ཕྱག་རྒྱས་འགུགས་སྒྲོལ་ཀྱི་བརྡ་མཚོན་པ། ཏིང་འཛིན་གྱིས་དམིགས་པ་བསྐྱེད་པ། ཚིག་བཤད་ཀྱིས་གསལ་གདབ་པ་བཅས་ཀྱི་སྒོ་ནས་བསྒྲལ་ཞིང་བསྟབ་པའི་ལས་བྱ་ལ། དེ་ཉིད་ལས། དེ་ལྟར་གྱུར་པའི་ཚོགས་རྣམས་ལ། ཆུ་ཟླ་ལྟ་བུའི་ཚུལ་ཤེས་ན། ཞེས་པ། གོང་གསལ་སྔགས་དང་ཕྱག་རྒྱ་ཏིང་འཛིན་སོགས་ཀྱིས་བསྟབ་པ་བྱ་བ་དེ་དག་ཀུན་ཆུ་ནང་ཟླ་བའི་གཟུགས་བརྙན་ཤར་བ་དེ་ནམ་མཁའི་ཟླ་བ་དངོས་ལ་འཛིན་ཞེན་མི་བྱེད་པ་བཞིན་དེ་དག་ལ་འཛིན་ཞེན་མེད་ཅིང་སྣང་ཡང་དམིགས་གཏད་མེད་པར་བྱ་ཤེས་ན་སྐུ་གསུམ་འཐོབ་བྱེད་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བར་གསུངས་སོ། །དེའི་དགོས་པ་ནི། དགྲ་གཉེན་གཉིས་འཛིན་གྱི་རྣམ་རྟོག་ཞི་བའི་ཕྱིར་དུའོ། །
Domain ཆོས་ལུགས།
བསྟབ་པ་ (2)
Part of speech མིང་ཚིག
Definition བྱ་ཚིག་སྟོབ་ཀྱི་མ་འོངས་པ་སྟེ། བླུགས་པའམ་འབུལ་བའི་དོན་ཡིན། ཁྲོ་རྒྱལ་ཁྱེད་ཀྱི་ཞལ་དུ་བསྟབ། རྩམ་པ་ཁ་ལ་བསྟབ། ཅེས་པ་ལྟ་བུའོ། །