44894

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟེན་པ་འཐོབ་པ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བྱེ་བྲག་སྨྲ་བ། ཐོབ་པ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་ཕྱེ་བའི་བཞིའི་ནང་གསེས་ཤིག་སྟེ། མཆིམས་མཛོད་ལས། བསྟེན་པ་འཐོབ་པ་ཞེས་བྱ་བ་ནི་དགེ་བ་འདུས་བྱས་(ཐོབ་ཟིན།)རྣམས་ཀྱིས་ཡང་དང་ཡང་དུ་མངོན་དུ་བྱས་པའི་ཐོབ་པའོ། །ཞེས་དང་། རྒྱལ་དབང་མཛོད་ལས། ད་ལྟར་བ་མངོན་དུ་བྱེད་པ་ནི་བསྟེན་པ་ཐོབ་པ་ཞེས་བྱ་ཞིང༌། ཞེས་གསུངས།
Domain ཆོས་ལུགས།
བསྟེན་པ་འཐོབ་པ་ (2)
Part of speech མིང་ཚིག
Definition ཐོབ་པ་བཞིའི་ནང་གསེས་ཤིག་སྟེ། དགེ་བ་འདུས་བྱས་ཐོབ་ཟིན་རྣམས་ཀྱིས་ཡང་དང་ཡང་དུ་མངོན་དུ་བྱས་པའི་ཐོབ་པའོ། །དེ་ཡང་ད་ལྟར་བའི་ཆོས་ཁོ་ན་ལ་བསྟེན་པས་ཐོབ་པ་འདི་ཡོད་ཀྱི། མ་འོངས་དང་འདས་པའི་ཆོས་ལ་མེད་དོ། །