44922
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མཚུངས་སྦྱོར་གྱི་རྒྱན་གྱི་ནང་གསེས་དང་པོ་སྟེ། བརྗོད་འདོད་ཀྱི་ཡུལ་དེར་ཡོན་ཏན་ཁྱད་འཕགས་ཅན་ལྡན་པའི་དངོས་པོ་གཞན་ཞིག་དང་དོན་ལ་མཚུངས་པའི་ནུས་པ་མེད་ཀྱང་། བརྗོད་འདོད་ཀྱི་དབང་གིས་མིང་གི་སྒྲ་འཇུག་པ་གཅིག་པའམ་ཡོན་ཏན་གྱི་ཁྱད་པར་གཞན་ཞིག་གི་སྒོ་ནས་ཕན་ཚུན་མཚུངས་པར་སྦྱར་ཏེ་ཡུལ་དེ་ལ་བསྟོད་པའི་དོོན་དུ་བསྒྲགས་པ་ལྟ་བུ་ལ་ཟེར། |
| Example | བོད་མཁས་པས། སྔོན་བྱོན་འཕགས་པའི་ཡུལ་དུ་དཎྜིའི་ཞབས། །བོད་འདིར་འཇིགས་བྲལ་དབྱངས་ཅན་དགའ་བའི་ལྷ། །ད་ལྟ་དེ་ཡི་བསྟན་ལ་ཆོས་ཀྱི་གྲགས། །སྙན་ཚིག་སྨྲ་བའི་སྒྲ་འདི་རྣམ་པར་འཛིན། །ཅེས་པ་ལྟ་བུ ། |
| Domain | རྩོམ་རིག |