44927

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟོད་བཀུར་བསྔགས་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མོས་པ་སྒོམ་ལམ་བསྒོམས་སྟོབས་ཀྱིས་ཐོབ་པའི་ཕན་ཡོན་ཞིག་ལ་མོས་པ་སྒོམ་ལམ་གྱི་ཕན་ཡོན་བསྟོད་བཀུར་བསྔགས་པ་ཞེས་འཇོག མཚན་ཉིད་ནི། པཎ་ཆེན་དོན་བདུན་ཅུ་ལས། བསྟོད་བཀུར་བསྔགས་པའི་ཡོན་ཏན་ལ་མཚན་ཉིད། དབྱེ་བ། ས་མཚམས་གསུམ། མོས་པ་སྒོམ་ལམ་ཐོབ་མྱོང་གང་ཟག་གི་རྒྱུད་ཀྱི་མོས་པ་སྒོམ་ལམ་བསྒོམས་སྟོབས་ཀྱིས་ཐོབ་པའི་ཡོན་ཏན་དེ། མོས་པ་སྒོམ་ལམ་གྱི་ཕན་ཡོན་གྱི་མཚན་ཉིད། དབྱེ་ན་ཉེར་བདུན། ས་མཚམས་ཐེག་ཆེན་སྒོམ་ལམ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད། ཅེས་གསུངས།
Domain ཆོས་ལུགས།