44928

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྟོད་བསྐུལ་གྱི་བྱེ་བྲག་ལྔ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། བསྟོད་བསྐུལ་གྱི་བྱེ་བྲག་ལྔ་ནི། ཁྲོ་བོའི་ཡན་ལག་གི་སྒྲུབ་ཐབས་ཉེར་ལྔའི་ནང་གསེས་ཏེ། བཀའ་བརྒྱད་རྣམ་བཤད་ལས། བསྟོད་བསྐུལ་གྱི་བྱེ་བྲག་ལྔ་ནི། གཞི་བསྟོད་ཆེན་པོ་ཆོས་ཉིད་དོན་རྟགས་ལ་བསྟོད་པ། གཞི་བསྟོད་བསྡུས་པ་ལྷའི་ཚོམ་བུ་ལ་བསྟོད་པ། སྤྱི་བསྐུལ་ཆེན་མོ་སྐུ་མདོག་ཕྱག་མཚན་ནས་བསྐུལ་བ། འབྲིང་པོ་ལྷའི་མཚན་གྲངས་རྐང་ཐོན་ནས་བསྐུལ་བ། ཆུང་ངུ་དལ་གྱི་ཕོ་བྲང་ནས་བསྐུལ་བ་དང་ལྔ། ཞེས་གསུངས།
Domain ཆོས་ལུགས།