44932
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མཚན་རྒྱས་པར། ཡུལ་དམ་པ་རྣམས་ལ་བསྟོད་པ་དང་གསོལ་འདེབས་སྐོར་ཕྱོགས་བསྡུས་སྲས་བཅས་རྒྱལ་བ་དགྱེས་པའི་རོལ་མོ་ཞེས་གསལ། ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་སངས་རྒྱས་དང་། བླ་མ་སོགས་ཡུལ་དམ་པ་རྣམས་ལ་གསོལ་འདེབས་དང་བསྟོད་པ། སྐྱེས་བུ་རྣམས་ཀྱི་ཞབས་བརྟན། སྨོན་ལམ་སོགས་ཅི་རིགས་འདུས་པ་ཞིག་སྟེ། སངས་རྒྱས་ཉམས་མེད་ཤཱཀྱའི་རྒྱལ་པོ་ལ་བསྟོད་པ་ཞེས་པ་ནས། ཞབས་བརྟན་གསོལ་འདེབས་འཆི་མེད་གྲུབ་པའི་དབྱངས་སྙན་ཞེས་པའི་བར་དུ་བསྟོད་གསོལ་ཅི་རིགས་གྲངས་བརྒྱ་ཕྲག་ལྷག་ཡོད་པ་ཞིག |