44959

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྡིགས་པའི་ལས་བྱས་པ་དགེ་སློང་ཆོས་ལྔ་དང་ལྡན་པ་བསླང་བར་བྱ་བ་ལྔ་ (1)
Part of speech མིང་ཚིག
Definition འདུལ་བ་གཞི་ལས་བྱུང་བ། སྐྲ་གྱེན་དུ་འགྲེང་བ་ལྟ་བུ། སྐྲ་ཞིག་པ་ལྟ་བུ། དགེ་འདུན་ལ་སྤུ་ས་ལྟུང་བ་ལྟ་བུར་བྱེད་པ། འབྱུང་བར་བསྐྱོད་པ་དང་། མཚུངས་པར་ཉེ་བར་སྟོན་པ་དང་། མཚམས་ཀྱི་ནང་དུ་འདུག་སྟེ་བསླང་བ་གསོལ་བ། འཐབ་ཀྲོལ་བྱེད་པ་ཉིད་སྤོང་བའོ། །
Domain ཆོས་ལུགས།
བསྡིགས་པའི་ལས་བྱས་པ་དགེ་སློང་ཆོས་ལྔ་དང་ལྡན་པ་བསླང་བར་བྱ་བ་ལྔ་ (2)
Part of speech མིང་ཚིག
Definition ཕོ་བྲང་འཁོར་དུ་མི་རྟོན་པ། བསྐོས་པ་འདུས་པའི་སར་མི་རྟོན་པ། མུ་སྟེགས་ཅན་ལ་མི་རྟོན་པ། གང་ཟག་ལ་མི་རྟོན་པ། དགེ་འདུན་ལ་རྟོན་པའོ། །
བསྡིགས་པའི་ལས་བྱས་པ་དགེ་སློང་ཆོས་ལྔ་དང་ལྡན་པ་བསླང་བར་བྱ་བ་ལྔ་ (3)
Part of speech མིང་ཚིག
Definition ཁྱིམ་པའི་རྟགས་མི་འཆང་བ། མུ་སྟེགས་ཅན་གྱི་རྟགས་མི་འཆང་བ། མུ་སྟེགས་ཅན་ལ་མི་རྟོན་ཅིང་མི་བསྙེན་ལ་བསྙེན་བཀུར་མི་བྱེད་པ། སྤྱད་པར་བྱ་བ་སྤྱོད་པ། དགེ་སློང་གི་བསླབ་པ་ལ་སློབ་པའོ། །
བསྡིགས་པའི་ལས་བྱས་པ་དགེ་སློང་ཆོས་ལྔ་དང་ལྡན་པ་བསླང་བར་བྱ་བ་ལྔ་ (4)
Part of speech མིང་ཚིག
Definition དགེ་སློང་རྣམས་ལ་མི་གཤེར་བ། མི་ཁྲོ་བ། ཁ་མི་ཟེར་བ། དགེ་འདུན་གྱི་རྙེད་པའི་ཕྱིར་བྱེད་པ། གནས་པའི་ཕྱིར་བརྩོན་པའོ། །