From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བསྡིགས་པའི་ལས་བྱས་པ་དགེ་སློང་ཆོས་ལྔ་དང་ལྡན་པ་བསླང་བར་མི་བྱ་བ་ལྔ་ (1)
| Part of speech
|
མིང་ཚིག
|
| Definition
|
འདུལ་བ་གཞི་ལས་བྱུང་བ་སྟེ། སྐྲ་གྱེན་དུ་འགྲེང་བ་ལྟ་བུ། སྐྲ་ཞིག་པ་ལྟ་བུ། དགེ་འདུན་ལ་སྤུ་ས་ལྟུང་བ་ལྟ་བུར་བྱེད་པ། འབྱུང་བར་མི་བསྐྱོད་པ་དང་། མཚུངས་པར་ཉེ་བར་མི་སྟོན་པ་དང་། མཚམས་ཀྱི་ནང་དུ་འདུག་སྟེ་བསླང་བ་མི་གསོལ་བ། འཐབ་ཀྲོལ་བྱེད་པ་ཉིད་མི་སྤོང་བའོ།
|
| Domain
|
ཆོས་ལུགས།
|
བསྡིགས་པའི་ལས་བྱས་པ་དགེ་སློང་ཆོས་ལྔ་དང་ལྡན་པ་བསླང་བར་མི་བྱ་བ་ལྔ་ (2)
| Part of speech
|
མིང་ཚིག
|
| Definition
|
ཕོ་བྲང་འཁོར་དུ་རྟོན་པ། བསྐོས་པ་འདུས་པའི་སར་རྟོན་པ། མུ་སྟེགས་ཅན་ལ་རྟོན་པ། གང་ཟག་ལ་རྟོན་པ། དགེ་འདུན་ལ་མི་རྟོན་པའོ།
|
བསྡིགས་པའི་ལས་བྱས་པ་དགེ་སློང་ཆོས་ལྔ་དང་ལྡན་པ་བསླང་བར་མི་བྱ་བ་ལྔ་ (3)
| Part of speech
|
མིང་ཚིག
|
| Definition
|
ཁྱིམ་པའི་རྟགས་འཆང་བ། མུ་སྟེགས་ཅན་གྱི་རྟགས་འཆང་བ། མུ་སྟེགས་ཅན་ལ་མི་རྟོན་ཅིང་མི་བསྙེན་ལ་བསྙེན་བཀུར་བྱེད་པ། སྤྱད་པར་བྱ་བ་མ་ཡིན་པ་སྤྱོད་པ། དགེ་སློང་གི་བསླབ་པ་ལ་མི་སློབ་པའོ།
|
བསྡིགས་པའི་ལས་བྱས་པ་དགེ་སློང་ཆོས་ལྔ་དང་ལྡན་པ་བསླང་བར་མི་བྱ་བ་ལྔ་ (4)
| Part of speech
|
མིང་ཚིག
|
| Definition
|
དགེ་སློང་རྣམས་ལ་གཤེ་བར་བྱེད་པ། ཁྲོ་བར་བྱེད་པ། ཁ་ཟེར་བར་བྱེད་པ། དགེ་འདུན་གྱི་རྙེད་པ་མེད་པར་བྱེད་པ། གནས་མེད་པར་བརྩོན་པར་བྱེད་པའོ། །
|