45010
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སློབ་དཔོན་ཆེན་པོ་དཔལ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའི་བསྡུས་པའི་རིམ་པའི་བསྒྲུབ་ཐབས། རྒྱ་གར་གྱི་མཁན་པོ་ཨཱ་ཙརྱ་ཤྲདྡྷ་ཀ་ར་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། སླད་ཀྱི་རྒྱ་གར་གྱི་མཁན་པོ་བླ་མ་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་རེ་བེནྟྲའི་ཞལ་སྔ་ནས། ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་མ་གྷ་དྷའི་དཔེ་ལྟར་ལེགས་པར་བཅོས་ཤིང་གཏན་ལ་ཕབ། བསྟན་འགྱུར་རྒྱུད་སུ་པར་བཞུགས། |