45047

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྡོགས་པ་ (1)
Part of speech མིང་ཚིག
Definition སྡོག་གི་མ་འོངས་པའི་བྱ་མིང་།
བསྡོགས་པ་ (2)
Part of speech མིང་ཚིག
Definition གྲབས་གཤོམ་གྱི་མིང་སྟེ། ལམ་རིམ་ཆེན་མོའི་བརྡ་དཀྲོལ་ལས། བསྡོགས་པ་ནི་གྲབས་གཤོམ་བྱས་པ་ཞེས་གསུངས།
Type བརྡ་རྙིང་།
བསྡོགས་པ་ (3)
Part of speech མིང་ཚིག
Definition ཀོ་ལྷམ་སོགས་ཀྱི་ལྷན་པའི་མིང་སྟེ། དགེ་སློང་གི་བསླབ་བྱ་ཆེན་མོའི་བརྡ་དཀྲོལ་ལས། བསྡོགས་པ་གཞུག་པ་ཞེས་པའི་བསྡོགས་ནི་ཀོ་ལྷམ་སོགས་ཀྱི་ལྷན་པའི་མིང་ཡིན་ཞེས་གསུངས།
བསྡོགས་པ་ (4)
Part of speech མིང་ཚིག
Definition བཟུང་བའི་དོན་ལའང་འཇུག་སྟེ། བརྡ་ཡིག་བློ་གསལ་མགྲིན་རྒྱན་ལས། བསྡོགས་པ་ནི་བཟུང་བ་སྟེ་བློ་ལ་བསྡོགས་པ་ནི་བློ་ལ་བཟུང་བ་ཞེས་གསུངས།