From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཁྲལ་ (1)
| Part of speech
|
མིང་ཚིག
|
| Definition
|
རྒྱལ་ཁབ་ཀྱི་སྤྱི་དངུལ་ཆེད་ཁེ་གཉེར་སྡེ་ཚན་དང་། ཚོགས་པ། མི་སྒེར་སོ་སོ་བཅས་ནས་བསྡུས་པའི་དངུལ་དངོས་ཀྱི་མིང་སྟེ།
|
| Example
|
འབྲོག་པ་རྣམས་ཀྱིས་བལ་ཁྲལ་སྤྲོད་དགོས་ལྟ་བུ།
|
ཁྲལ་ (2)
| Part of speech
|
མིང་ཚིག
|
| Definition
|
འགན་ཁུར་མི་ལེན་པར་ཉི་མ་འཁྱོལ་ཐབས་བྱས་པའི་དོན་ཏེ།
|
| Example
|
ལས་དོན་ཁྲལ་སྒྲུབ་བྱས་ནས་སྡོད་བཞིན་པ་ལྟ་བུ།
|
ཁྲལ་ (3)
| Part of speech
|
མིང་ཚིག
|
| Definition
|
མྱ་ངན་ནམ་སེམས་སྡུག་བྱེད་པའི་དོན་ཏེ།
|
| Example
|
སེམས་ཁྲལ་མ་བྱེད་ལྟ་བུ།
|
ཁྲལ་ (1)
| Part of speech
|
རྒྱན་ཚིག
|
| Definition
|
སོར་མོ་དང་ལྕགས་སོགས་ཀྱིས་བྲད་པའི་སྒྲའི་བྱེ་བྲག་ཅིག་སྟེ།
|
| Example
|
ཁྲལ་སྒྲ་རྣ་བར་གཟན་ལྟ་བུ།
|