45063

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྣན་ཚིག་ (1)
Part of speech མིང་ཚིག
Definition བྱ་ཚིག་གམ་རྒྱན་ཚིག་སོགས་གང་རུང་དང་མཉམ་དུ་སྦྱར་ཚེ་དངོས་པོའི་ཚད་དང་དུས་སོགས་དོན་གྱི་ཁྱད་པར་གཞན་ཞིག་སྣོན་པའམ་སྟོན་པའི་ཚིག་ཅིག
Example དལ་གྱིས་རྒྱུ། མགྱོགས་པོར་རྒྱུག ལྷོད་ཀྱིས་བཤད་སོགས་ཀྱི་སྐབས་སུ་དལ་གྱིས་དང་ལྷོད་ཀྱིས་སོགས་ནི་བྱ་ཚིག་རྒྱུ་དང་བཤད་སོགས་ཀྱི་ཁྱད་པར་སྟོན་པའི་བསྣན་ཚིག་གི་རིགས་ཡིན་ཞིང། ཤིན་ཏུ་མཛེས། ཧ་ཅང་ཡག རབ་ཏུ་དཀར་སོགས་ཀྱི་སྐབས་སུ་ཤིན་དང་ཧ་ཅང་སོགས་རྒྱན་ཚིག་མཛེས་དང་ཡག་སོགས་ཀྱི་ཁྱད་པར་སྟོན་པའི་བསྣན་ཚིག་གི་རིགས་རྣམས་སོ། །
Domain སྒྲ་རིག་པ།