45092
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གསང་བ་བསེན་ཐུབ་ཀྱི་རྒྱུད་ལས། ཐུགས་རྗེ་ཡེ་ཤེས་ལྷ་དང་བརྡའ་སྤྲོད་པའི། གསང་བའི་ཡི་གེ་འབྲུ་གསུམ་སྟེ། བ་ནི་བ་ག་ཡུམ་གྱི་དབྱིངས། ལེན་པའི་ས་བོན་ཐུགས་ལ་རྫོགས། ས་ནི་འཁོར་འདས་ལོངས་སྤྱོད་རྫོགས། ཐམས་ཅད་བསྒྱུར་བ་སྐུའི་མཆོག ན་རོ་ཤེས་རབ་རྟོགས་པ་ཆེ། བྱེ་བྲག་འབྱེད་པ་གསུང་གི་མཆོག ཅེས་པས། བ་དང་། ས། ན་རོ་བཅས་དེ་ལྟར་ཡིག་འབྲུ་གསུམ་འདུས་པས་བསྭོ་ཞེས་གྲུབ་པ་འདི་ནི་བདེར་གཤེགས་ཡེ་ཤེས་ལྷའི་སྐུ་གསུང་ཐུགས་གསུམ་མཚོན་བྱེད་དེ། གོང་དུ་ལུང་གིས་བསྟན་པ་ལྟར་རྒྱུན་གནས་ཐུགས་རྗེ་བཞི་ལྡན་གྱི་ཡེ་ཤེས་ལྷའམ་དེའི་སྐུ་གསུང་ཐུགས་གསུམ་བརྡའ་སྤྲོད་པའི་གསང་བའི་ཡི་གེ་འབྲུ་གསུམ་མོ། ། བོན་གཞུང་རྣམས་སུ་སྐབས་འགར་ཝ་ཟུར་དང་ན་རོ་གང་བྱེད་དོན་གཅིག་པ་སྟེ། |
| Example | ཛྭ་དང་ཛོ་ཞེས་པ་ལྟར་འདི་ལའང་དེ་ལྟར་ཡིན་ཡང་གཉིས་ཀ་སྦྱོར་བའི་ཕྱག་སྲོལ་ནི་དར་ཁྱབ་ཆེའོ། ། |
| Domain | ཆོས་ལུགས། |