45119

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྲུང་བ་མཚམས་ལ་བསྙེན་པ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་ལས་རིམ་ལ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་གི་ཡ་གྱལ་བསྙེན་པ་གཞི་མའི་ལས་རིམ་དགུའི་ནང་ཚན་བཅའ་གཞི་ལས་ཀྱི་བསྙེན་པ་སྟེ། གསང་སྔགས་ཀྱི་ལམ་རིམ་བསྙེན་བསྒྲུབ་ཀྱི་༼བསྙེན་པ་དགུ་དང་བསྒྲུབ་པ་བཅོ་བརྒྱད་ལ་གོ༽ལས་རིམ་ལ་འཇུག་སྐབས། ཐོག་མར་ཕྱོགས་བཞིའི་གདོན་བགེགས་ཀྱི་བར་ཆོད་བསྲུང་བའི་སྒོ་སྲུང་གི་རྟེན་མཁར་རྩིག་སྟེ། དེ་ལ་རང་ཞལ་ཤིང་རིས་གཟུག་ཅིང་རྒྱལ་ཆེན་བཞི་ལ་བར་ཆོད་བསྲུང་བར་བཀའ་བསྒོ་སྟེ་གསེར་སྐྱེམས་དང་འབྲུ་སོགས་ཀྱིས་མངའ་གསོལ་བའི་དོན་ཏེ། གསང་འདུས་དོན་རྒྱུད་ལས། ཐོག་མར་བསྲུང་བ་མཚམས་ལ་བསྙེན། གནས་ནི་ཕྱོགས་འགོས་མ་ནོར་བར། རྒྱང་གྲགས་བཞི་ཡི་སོ་མཚམས་སུ། ཁྲིམས་ཀྱི་ལ་བོ་ཆེ་ཡི་ཁར། ཕྱི་ཐོ་ཆེན་པོ་བཞི་བརྩིགས་པ། རྒྱལ་པོ་བཞི་རུ་མངའ་དབང་གསོལ། ཞེས་པས། དེ་ཡང་བསྒྲུབ་གནས་ནི་རིགས་ལྡན་གནས་ལ་བསྙེན་པའི་སྐབས་སུ་ཕྱི་ནང་གསང་བའི་གནས་ཀྱི་ཁྱད་པར་གསལ་བ་ལྟར་ཤེས་ལ། ཕྱི་ཐོ་གཟུག་ས་ནི། བསྒྲུབ་གནས་དང་གྲོང་ལས་རྒྱང་གྲགས་བཞིར་བརྒལ་བའི་དབེན་མཚམས་ཀྱི་ཕྱོགས་བཞི་ལ་གཟུག་དགོས་པར་བཤད་དོ། །དེ་ལ་ཡང་གྲངས་ཀྱིས་དབྱེ་ན། ཕྱི་ནང་གསང་བའི་མཚམས་ལ་བསྙེན་པ་གསུམ་དུ་ཡོད་དོ། །དེ་དག་ལ་ཡང་འབྲས་བུའི་བསྙེན་པ་ཞེས་བྱའོ། །
Domain ཆོས་ལུགས།