45121
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་གི་ནང་ཚན་སངས་རྒྱས་འཕགས་པའི་རྒྱུད་ཀྱི་སྐུ་གསུང་ཐུགས་གསུམ་ལ་ཉེས་སྤྱོད་ཡོངས་སུ་དག་པས་ཉེས་པ་འཆབ་པའི་སེམས་པ་མེད་པའི་མཁྱེན་པ་རྣམ་པ་གསུམ་ལ་འཇོག་པ་ཡིན། པཎ་ཆེན་གྱི་ཕར་ཕྱིན་སྤྱི་དོན་ལས། དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་ཡོངས་སུ་དག་པ་སྟེ། དག་པ་མཐར་ཐུག་པ་དང་ལྡན་པ་འདི་ལ་སྒོ་གསུམ་གྱི་ཕྱིན་ཅི་ལོག་ཀུན་ཏུ་སྤྱོད་པ་གཞན་གྱིས་ཡོངས་སུ་ཤེས་དོགས་པའི་བསྙེངས་པས་ཉེས་པ་བཅབ་པར་བྱའོ་སྙམ་པའི་དགོངས་པ་མི་མངའ་བ་ཞེས་བྱ་བ་མཐར་ཐུག་པ་བསྲུང་བ་མེད་པ་རྣམ་པ་གསུམ་དང༌། ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |