45162

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྲེགས་སྦྱོང་གི་ཆོ་ག་རྣམ་དག་སྒྲོན་མེ་ (1)
Part of speech མིང་ཚིག
Definition ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། བསྲེགས་སྦྱོང་གི་ཆོ་ག་རྣམ་དག་སྒྲོན་མེ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། རོ་སྲེག་ཆོ་གའི་རིམ་པ་སློབ་དཔོན་པདྨས་མཛད་པའོ༔ ༔ཞེས་གསལ་ཞིང་། གཏེར་ཆེན་རཏྣ་གླིང་པས་གཉལ་སྨད་དགེ་རིའི་བྲག་ནས་བཏོན་པའོ། །འདིའི་ནང་དོན་ལ། སྔོན་འགྲོར་ས་བརྟག་པ་དང། དཀྱིལ་འཁོར་བྲི་བ། བུམ་རྫས་དང་ཙ་ཀ་ལི་ལ་སོགས་པ་བཤམས་ཤིང་། དངོས་གཞིར་སྲེག་ཁང་རོའི་བྱ་བ་རྫོགས་ནས་དེའི་མདུན་དུ་ཕྱི་ནང་གི་མཆོད་པ་བཤམས་ནས་རོ་སྲེག་གི་ལས་ཆོག་རྣམས་བྱེད་པ་དང་། རྗེས་ཀྱི་རིམ་པར་བསྟོད་པ་བྱ་བ་དང། བཤགས་པ་ཚོགས་འཁོར་རྣམས་བྱ་བ་བཅས། སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི་སྒོ་ནས་རོ་བསྲེགས་སྦྱོང་གི་ཆོ་གའི་རིམ་པ་རྣམས་བསྟན།