45173

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསྲོ་ཁང་བརྟེན་པར་བྱ་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བསྲོ་ཁང་ནི་ནད་པ་ལ་གནང་ཞིང་བསྲོ་ཁང་དེར་འཚོ་བ་པ་གོས་དམར་ཅན་ཞུགས་པ་ལ་བརྟེན་ནས་བསྲོ་ཁང་ཉིད་ཀྱི་གནས་སུ་ཁྲུས་བྱེད་དུས་སྒོ་དྲུང་དུ་སྲུང་མ་གཞག་པར་བྱ་སྟེ། ཁྲུས་དང་ལུས་མེ་དང་ཉི་མ་ལ་སྲོད་པར་བྱེད་པར་འདོད་པ་དག་གི་དགེ་སློང་རྣམས་ལ་གཞན་པ་དག་མ་དད་པ་བཟློག་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་འདུལ་བ་མེ་ཏོག་ཕྲེང་རྒྱུད་ཀྱི་རྣམ་འགྲེལ་ལས་སོ། ། དགེ་འདུན་རྣམས་སྲོ་ཁང་དུ་མེ་ལ་སྲོ་ཞིང་སྐུ་ལ་སྣུམ་མཉེ་བྱེད་པ་དང་། ཁྲུས་བྱེད་པ་ན་སྒོ་དྲུང་དུ་བསྲུང་མཁན་བཞག་པར་བྱ་སྟེ། ཚིག་ལེར། སྲོ་ཁང་ཁྲུས་ཀྱི་གནས་སུ་ནི། །སྒོ་དྲུང་བསྲུང་མ་བཞག་བྱ་སྟེ། །དགེ་སློང་རྣམས་ནི་ཁྲུས་སྲོད་དག ། བྱེད་པ་མ་དད་ལྡོག་ཕྱིར་རོ། །ཞེས་སོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།