45190

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསླབ་གཞི་ཁྱད་དུ་གསོད་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས་ཤིག་སྟེ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་བསླབ་པའི་གཞི་ཁྱད་དུ་གསོད་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆེས་ཁྱད་དུ་གསོད་པས་ངོ་བོ་ཉིད་ཀྱི་དགག་བྱར་གྱུར་པ་དང་། རང་རིགས་ཀྱི་སེམས་བདེ་བ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ཡིད་རྨོངས་པ་མ་ཡིན་པས་གསོ་སྦྱོང་གི་སོ་སོ་ཐར་པའི་མདོ་འདོན་པའི་དུས་སུ་རང་གི་ཚུལ་ཁྲིམས་ཀྱི་བསླབ་པའི་གཞིའི་དངོས་པོ་ལ་ངག་གི་རིག་བྱེད་ཀྱིས་ཁྱད་དུ་གསོད་དེ་ཕ་རོལ་པོས་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །སོ་སོར་ཐར་པའི་མདོ་འདོན་པའི་ཚེ་དེ་ལན་གཉིས་ཉམས་སུ་མྱོང་བཞིན་དུ་ཡིད་རྨོངས་པ་མ་ཡིན་པས་འདི་ལ་ཆོས་འདི་ཡོད་པར་བདག་གིས་གཟོད་ཤེས་སོ་ཞེས་ཟེར་བ་ལའོ། །ཞེས་པས་བསྟན། ངོ་བོ་ནི། གསོ་སྦྱོང་གི་དུས་སུ་དགེ་སློང་གིས་འདུལ་བའི་བསླབ་བྱ་ཁྱད་དུ་གསོད་པའི་བཅས་པའི་ཁ་ན་མ་ཐོ་བའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།