45197

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསླབ་པ་ཀུན་བཏུས་ཀྱི་ལེའུ་བཅོ་བརྒྱད་ (1)
Part of speech མིང་ཚིག
Definition རྒྱལ་སྲས་ཞི་བ་ལྷས་མཛད་པ་སྟེ། ༡ དང་པོ་སྒྲུབ་པའི་རྟེན་དལ་འབྱོར། སྤྱོད་པའི་རྟེན་སེམས་བསྐྱེད། ལུས་ལོངས་སྤྱོད་དགེ་རྩ་གསུམ་གཏོང་བའི་ལེའུ། ༢ གཉིས་པ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལས་ཆོས་ཡོངས་སུ་བཟུང་བའི་ལེའུ། ༣ དེ་བཞིན་དུ་ཚུལ་ཁྲིམས་ལས་ཆོས་སྨྲ་བསྲུང་བའི་ལེའུ། ༤ ཚུལ་ཁྲིམས་ལས་གནོད་པ་ཆེན་པོ་བསྟན་པའི་ལེའུ། ༥ ཚུལ་ཁྲིམས་ལས་གནོད་པ་རྣམ་པར་སྤོང་བའི་ལེའུ། ༦ ཚུལ་ཁྲིམས་ལས་ལུས་བསྲུང་བའི་ལེའུ། ༧ ཚུལ་ཁྲིམས་ལས་ལོངས་སྤྱོད་དང་བསོད་ནམས་བསྲུང་བའི་ལེའུ། ༨ ཚུལ་ཁྲིམས་ལས་ལུས་དག་པ་སྡིག་པ་སྦྱོང་བའི་ལེའུ། ༩ ལུས་དག་པ་བཟོད་པའི་ལེའུ། ༡༠ ལུས་དག་པ་བརྩོན་འགྲུས་ཀྱི་ལེའུ། ༡༡ ལུས་དག་པ་བསམ་གཏན་གྱི་གནས་དགོན་པ་བསྟན་པའི་ལེའུ། ༡༢ ལུས་དག་པ་བསམ་གཏན་ལས་སེམས་ཡོངས་སུ་སྦྱོང་བའི་ལེའུ། ༡༣ ལུས་དག་པ་བསམ་གཏན་ལས་དྲན་པ་ནང་དུ་ཡང་དག་འཇོག་གི་ལེའུ། ༡༤ ལུས་དག་པ་དངོས་གཞི་ཤེས་རབ་ཀྱི་ལེའུ། ༡༥ ལོངས་སྤྱོད་དག་པ་དགེ་རྩ་སྟེ་བསོད་ནམས་དག་པའི་ལེའུ། ༡༦ ལུས་སྤེལ་བའི་ལེའུ། ༡༧ བཅུ་བདུན་པ་ཕྱག་འཚལ་སོགས་ལོངས་སྤྱོད་སྤེལ་བའི་ལེའུ། ༡༨ དཀོན་མཆོག་དྲན་སོགས་དགེ་རྩ་སྤེལ་བའི་ལེའུའོ། །
Domain ཆོས་ལུགས།