45204

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསླབ་པ་གསུམ་ (1)
Part of speech མིང་ཚིག
Definition ཉན་ཐོས་ཀྱི་བསླབ་པ་ནི། ཕྱོགས་གཅིག་པ་བདག་གི་བསམ་པའི་རྒྱུད་སྣང་བའི་མཚན་ཉིད་དོ། །རང་སངས་རྒྱས་ཀྱི་བསླབ་པ་ནི། ནན་ཏན་བར་མ་དང་ལྡན་ཞིང་སྙིང་རྗེ་ཆེན་པོ་དང་བྲལ་བའོ། །བྱང་ཆུབ་སེམས་དཔའི་བསླབ་པ་ནི། ཚད་མེད་པའི་རྗེས་སུ་སོང་བའོ། །
Domain ཆོས་ལུགས།
བསླབ་པ་གསུམ་ (2)
Part of speech མིང་ཚིག
Definition ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ཏིང་ངེ་འཛིན་གྱི་བསླབ་པ། ཤེས་རབ་ཀྱི་བསླབ་པ་སྟེ་གསུམ།
བསླབ་པ་གསུམ་ (3)
Part of speech མིང་ཚིག
Definition ལྟ་སྟངས་ངེས་མེད་དུ་བསླབ་པ། ཆོས་སྤྱོད་སྣ་ཚོགས་ལ་བསླབ་པ། སྤྱོད་ལམ་སྣ་ཚོགས་ལ་བསླབ་པ། འདི་གསུམ་ནི་ཞི་གནས་བསྒྲུབ་པའི་ཐབས་ལམ་ཞིག་ཡིན། དང་པོ་ལྟ་སྟངས་ངེས་མེད་ནི། མིག་ལྟ་སྟངས་མཐོ་བ་ཐག་ཉེ་བ་ཐོག་མཐིལ་ལྟ་བུ་དང་། རི་རྩེའམ་ནམ་མཁའི་དབྱིངས་ལྟ་བུ་ལ་མཉམ་པར་བཞག་པ་ཞིག་ལ་ཟེར། གཉིས་པ་ཆོས་སྤྱོད་སྣ་ཚོགས་ལ་བསླབ་པ་ནི། མདོ་འདོན་པ། སྔགས་བཟླས་པ་ལ་དམིགས་པ་གཏད་པ་ཞིག་ལ་ཟེར། གསུམ་པ་སྤྱོད་ལམ་སྣ་ཚོགས་ལ་བསྲེ་བ་ནི། ཟས་ཟ་ན་ཡང་རང་བབས་ཀྱིས་ཟ། ལམ་དུ་འགྲོ་ན་ཡང་རང་བབས་ཀྱིས་འགྲོ་བ་ཞིག་ལ་ཟེར།