45208
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བྱེ་བྲག་སྨྲ་བ། ལྔ་ཕྲུགས་ཉེར་གཅིག་གི་ནང་ཚན་ཞིག དེའི་ཡན་ལག་གི་གྲངས་འདྲེན་གྱི་སྒོ་ནས་གོ་དོན་བསྟན་པ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བསྟན་ཚུལ་གྱི་དབང་དུ་བྱས་ན། ལྷག་པའི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ལ་སློབ་པ་ཉིད་དོ། །སློབ་ཏུ་འཇུག་ཀྱང་ནུས་པ་ཉིད་དོ། །ཞེས་པའི་མདོ་ལས་བསྟན་ཅིང་། བསྟན་དོན་ཡང་། ཚུལ་ཁྲིམས་ཀྱི་བསླབ་པ། ཏིང་ངེ་འཛིན་གྱི་བསླབ་པ། ཤེས་རབ་ཀྱི་བསླབ་པ་གསུམ་ལ་སློབ་པའི་སྟེང་དུ་མང་ཐོས་ཚུལ་ལྡན་གཉིས་བསྣན་པ་དང་པོ་དང་། དེ་ལ་སློབ་ཏུ་འཇུག་པའི་སྟེང་དུ་མང་ཐོས་ཚུལ་ལྡན་གཉིས་བསྣན་པ་གཉིས་པ་ཡིན་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |