45220

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསླབ་པ་བཅའ་བའི་ཕན་ཡོན་བཅུ་ (1)
Part of speech མིང་ཚིག
Definition སོ་སོར་ཐར་པའི་མདོ་རྒྱ་ཆེར་འགྲེལ་པ་འདུལ་བ་ཀུན་ལས་བཏུས་པ་ལས་བྱུང་བ་སྟེ། དགེ་འདུན་བསྡུ་བའི་ཕྱིར་བསླབ་པ་བཅའ་བ། དགེ་འདུན་ལེགས་པར་བྱ་བའི་ཕྱིར་བསླབ་པ་བཅའ་བ། དགེ་འདུན་བདེ་བར་གནས་བའི་ཕྱིར་བསླབ་པ་བཅའ་བ། གནོང་མི་བཀུར་བའི་གང་ཟག་རྣམས་ཚར་གཅད་པའི་ཕྱིར་བསླབ་པ་བཅའ་བ། ངོ་ཚ་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་བསླབ་པ་བཅའ་བ། མངོན་པར་མ་དད་པ་རྣམས་མངོན་པར་དད་པར་བྱ་བའི་ཕྱིར་བསླབ་པ་བཅའ་བ། མངོན་པར་དད་པ་རྣམས་ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་བསླབ་པ་བཅའ་བ། ཚེ་འདིའི་ཟག་པ་རྣམས་བསྡམ་པར་བྱ་བའི་ཕྱིར་བསླབ་པ་བཅའ་བ། ཚེ་རབས་ཕྱི་མའི་ཟག་པ་རྣམས་བཟློག་པའི་ཕྱིར་བསླབ་པ་བཅའ་བ། ངའི་ཚངས་པར་སྤྱོད་པ་སྐྱེ་པོ་མང་པོ་ལ་ཕན་པར་ཡངས་པར་གྱུར་པ་ལྷ་དང་མིའི་བར་དག་ལ་ཡང་དག་པར་རབ་ཏུ་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་བའོ། །
Domain ཆོས་ལུགས།