45231

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསླབ་པ་མི་སློབ་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། སྦོམ་དགའ་མོས་རབ་ཏུ་ཕྱུང་ནས་དེ་དག་ལ་བསླབ་པ་རྣམས་སློབ་པར་མི་བྱེད་པ་ལས་བཅས་སོ། །དགག་བྱ་ནི་ལྷན་ཅིག་གནས་པ་དང་ཉེ་གནས་ལ་གནོད་པར་འགྱུར་བའོ། །རང་གིས་བསྙེན་རྫོགས་བྱས་པའི་སློབ་མ་དགེ་སློང་མའི་བསླབ་པའི་ཁྲིམས་རྣམས་ལ་མི་སློབ་པའི་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་བའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །མཁན་མོས་དེ་དག་ལ་དགེ་སློང་མའི་བསླབ་པ་མི་སློབ་པ་ནི། མི་སློབ་པའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།