45234

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསླབ་པ་འབུལ་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། རབ་ཏུ་བྱུང་བའི་གང་ཟང་གང་ཞིག་བསླབ་པ་ལ་གནས་པའི་མཐུན་རྐྱེན་མ་ཚང་ཞིང་འགལ་རྐྱེན་ཉེ་བར་གནས་པའི་ཚེ། ཕྱིས་སྡོམ་པ་བླངས་ན་སྐྱེ་བ་དང༌། སྡོམ་པ་ལས་ཉམས་པའི་རྩ་ལྟུང་གིས་མི་གོས་པ་དང༌། འཇིག་རྟེན་གྱི་ཁ་ན་མ་ཐོ་བ་སྤང་བ་སྟེ་དགོས་པ་གསུམ་གྱི་ཕྱིར་དུ། སྨྲ་ཤེས་ཤིང་དོན་གོ་བའི་གང་ཟག་ལ། བསླབ་སྡོམ་ཕུལ་ནས་ཁྱིམ་པར་ཁས་ལེན་པ་སྟེ། སྡོམ་པ་གཏོང་བར་འདོད་པ། བསམ་པ་རང་བཞིན་དུ་གནས་པ་ཡིས་བརྡ་སྤྲད་དེ། སྨྲ་ཤེས་ཤིང་དོན་གོ་བའི་མིའི་འགྲོ་བ་ཞིག་གི་དྲུང་དུ་འབུལ་ལོ་ཞེས་ཏེ། འབུལ་མཁན་དང་འབུལ་བར་བྱ་བའི་ཡུལ་གཉིས་ཆར་སྨྱོ་བ་མ་ཡིན་པ་ཞིག་དགོས་སོ། །འབུལ་བའི་ཚིག་ནི། བདག་གིས་སྔར་གང་བཟུང་བའི་བསླབ་པ་ནི་གཏོང་ངོ་ཞེས་སོགས་ཀྱི་ཚིག་རྣམས་སོ། །སྤྱིར་བསླབ་པ་ཕུལ་བ་དང་། ཉམས་པ་ལ་མུ་བཞི་ཏེ། ཕུལ་ལ་ཉམས་པ་མ་བྱས་པ་ནི། འབུལ་ཆོག་བྱས་པ་བསླབ་པ་བསྲུང་དཀའ་བར་འདུག་ཅེས་མ་སྨྲས་པ་ལྟ་བུའོ། །ཉམས་ལ་མ་ཕུལ་པ་ནི། དེ་ལས་ཟློག་པ་བཞིན་ནོ། །ཕུལ་ལ་ཉམས་པ་ནི། འབུལ་ཆོག་ཀྱང་བྱས། བསྲུང་དཀའ་ཞེས་སོགས་ཀྱང་སྨྲས་པ་བཞིན་ནོ། །གཉིས་ཀ་མ་ཡིན་པ་ནི། དེ་གཉིས་ཀ་མ་ཡིན་པ་བཞིན་ནོ། །འབུལ་ཆོག་མ་བྱས་ན་ཕྱིས་སྡོམ་པ་མི་སྐྱེའོ། །ས་སྡེ་ལས། དེས་ཀྱང་བསླབ་པ་སླར་ཡང་བསྲུངས་ན་བསོད་ནམས་སྡོམ་ཅན་དང་མཉམ་པ་ཐོབ་ཅེས་སོ། །བསྡུ་བ་ལས་སྡོམ་པ་གཏོང་བའི་རྒྱུ་བཞི་གསུངས་ཏེ། ལེན་སེམས་དང་མི་འདྲ་བའི་སེམས་བསྐྱེད་པའམ། མི་བརྡ་འཕྲོད་པ་ལ་འབུལ་ཚིག་བརྗོད་པ་དང་། ཕམ་པ་གང་ཡང་རུང་བའམ། ཕམ་པ་བཞི་ཆར་རམ། རེ་རེ་ལ་ཀུན་ནས་དཀྲིིས་པ་ཆེན་པོ་ཉེས་པ་འབྱིན་ན་དེས་སྡོམ་པ་གཏོང་བར་བརྗོད་དོ་ཞེས་སོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་འདུལ་ཕྲེང་རྣམ་འགྲེལ་ལས་སོ། །
Domain ཆོས་ལུགས།