45243
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བྱེ་བྲག་སྨྲ་བ། ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་ཞིང་དམན་སྤྱོད་ལྔ་དང་དུ་ལེན་པ་སོགས་ཀྱི་སྒོ་ནས་ལྟུང་བ་དག་པར་བྱེད་པ་ཞིག་ལ་ཟེར། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་བསླབ་པ་སྤྱོད་པའི་ཚུལ་ལ་དྲུག་ཡོད་དེ། ཡུལ་གང་ལ་བསླབ་པ་སྤྱོད་པ། རྟེན་གང་གིས་སྤྱོད་པ། གནས་གང་དུ་སྤྱོད་པ། ལྟུང་བ་གང་དག་པའི་དོན་དུ་སྤྱོད་པ། ཡུན་ཇི་སྲིད་དུ་སྤྱོད་པ། ཚུལ་ཇི་ལྟར་དུ་སྤྱོད་པ་རྣམས་ཡོད་པའི་ཕྱིར། དང་པོ་ཡོད་དེ། མཚན་ཉིད་བཞི་ལྡན་གྱི་དགེ་འདུན་ལ་སྤྱོད་པར་བྱ་བ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། བསླབ་པ་ནོད་པའི་དགེ་སློང་དེས་བྱ་བ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། ཕལ་ཆེར་སྤོ་བ་སྤྱོད་པའི་གནས་དང་འདྲ་བ་ཡིན་པའི་ཕྱིར། བཞི་པ་ཡོད་དེ། ཕམ་པ་འཆབ་མེད་དག་པའི་དོན་དུ་སྤྱོད་པ་ཡིན་པའི་ཕྱིར། ལྔ་པ་ཡོད་དེ། སྤྱིར་བཏང་ལ་ཇི་སྲིད་འཚོའི་བར་དུ་དང་། དམིགས་ཀྱིས་བསལ་ན་དགྲ་བཅོམ་པའི་གོ་འཕང་ཐོབ་པ་དང་། ཐུན་མོང་མ་ཡིན་པའི་ཕམ་པ་འཆབ་མེད་བྱུང་བའི་དགེ་སློང་མ་མཚན་གྱུར་པའི་ཚེ་བསླབ་བྱིན་ལས་གྲོལ་བའི་ཕྱིར། དྲུག་པ་ཡོད་དེ། ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་ཞིང་དམན་སྤྱོད་ལྔ་དང་དུ་ལེན་པ་སོགས་ཀྱི་སྒོ་ནས་བྱ་བ་ཡིན་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |