45248
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བསྲུངས་པའི་ཕན་ཡོན་ནི། དེ་ལ་ཕས་ཕམ་པ་བསྲུངས་ན། ལུས་གཞིག་པའི་འོག་ཏུ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་བསྐལ་པ་མཉམ་པར་སྐྱེ་བར་འགྱུར་རོ། །དགེ་འདུན་ལྷག་མ་བསྲུངས་ན། ལུས་གཞིག་པའི་འོག་ཏུ་འཕྲུལ་དགའི་ལྷ་རྣམས་དང་བསྐལ་པ་མཉམ་པར་སྐྱེ་བར་འགྱུར་རོ། ། ལྟུང་བ་སྦོམ་པོ་བསྲུངས་ན། ལུས་གཞིག་པའི་འོག་ཏུ་དགའ་ལྡན་གྱི་ལྷ་རྣམས་དང་བསྐལ་པ་མཉམ་པར་སྐྱེ་བར་འགྱུར་རོ། ། ལྟུང་བྱེད་བསྲུངས་ན། ལུས་གཞིག་པའི་འོག་ཏུ་འཐབ་བྲལ་གྱི་ལྷ་རྣམས་དང་བསྐལ་པ་མཉམ་པར་སྐྱེ་བར་འགྱུར་རོ། །སོ་སོར་བཤགས་པ་བསྲུངས་ན། ལུས་གཞིག་པའི་འོག་ཏུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་བསྐལ་པ་མཉམ་པར་སྐྱེ་བར་འགྱུར་རོ། །བསླབ་པའི་ཆོས་བསྲུངས་ན། ལུས་གཞིག་པའི་འོག་ཏུ་རྒྱལ་ཆེན་བཞིའི་ལྷ་རྣམས་དང་བསྐལ་པ་མཉམ་པར་སྐྱེ་བར་འགྱུར་རོ། །གལ་ཏེ་ཡང་དག་པར་བསྟེན་ན་ནི་མྱ་ངན་ལས་འདས་སོ། །མ་བསྲུངས་པའི་ཉེས་དམིགས་ནི། ཕས་ཕམ་པའི་ཆོས་ལས་འདས་པས་ནི། ཚ་བའི་དམྱལ་བ་ཆེན་པོར་སྐྱེ་བར་འགྱུར་རོ། །ལྷག་མའི་ཆོས་ལས་འདས་པས་ནི། ངུ་འབོད་ཆེན་པོར་སྐྱེ་བར་འགྱུར་རོ། །ལྟུང་བ་སྦོམ་པོའི་ཆོས་ལས་འདས་པས་ནི། ངུ་འབོད་དུ་སྐྱེ་བར་འགྱུར་རོ། །ལྟུང་བྱེད་ཀྱི་ཆོས་ལས་འདས་པས་ནི། བསྡུས་འཇོམས་སུ་སྐྱེ་བར་འགྱུར་རོ། །སོ་སོར་བཤགས་པའི་ཆོས་ལས་འདས་པས་ནི། ཐིག་ནག་ཏུ་སྐྱེ་བར་འགྱུར་རོ། །བསླབ་པའི་ཆོས་ལས་འདས་པས་ནི། ཡང་སོས་སུ་སྐྱེ་བར་འགྱུར་རོ། ། |
| Domain | ཆོས་ལུགས། |