45254

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསླབ་པའི་གཞི་བཅའ་བ་རྣམ་པར་དག་པ་བཅུ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། རིག་པས་རྣམ་པར་དག་པ། འབྲས་བུས་རྣམ་པར་དག་པ། ཕན་འདོགས་པས་རྣམ་པར་དག་པ། ཕྱི་རོལ་གྱིས་རྣམ་པར་དག་པ། ནང་གིས་རྣམ་པར་དག་པ། མཐའ་དག་གིས་རྣམ་པར་དག་པ། བྱམས་ཤིང་གུས་པས་རྣམ་པར་དག་པ། རྣམ་པར་གནོན་པའི་གཉེན་པོ་བསྒོམ་པས་རྣམ་པར་དག་པ། བག་ལ་ཉལ་སྤང་པའི་གཉེན་པོ་བསྒོམ་པས་རྣམ་པར་དག་པ། རྒྱུད་རྒྱུན་མི་འཆད་པས་རྣམ་པར་དག་པའོ། །
Domain ཆོས་ལུགས།
བསླབ་པའི་གཞི་བཅའ་བ་རྣམ་པར་དག་པ་བཅུ་ (2)
Part of speech མིང་ཚིག
Definition བསླབ་པའི་གཞི་བཅས་པས་རྣམ་པར་དག་པ་དང༌། འདོད་པའི་བསོད་ཉམས་ཀྱི་རྗེས་སུ་བརྩོན་པའི་མཐའ་ཡོངས་སུ་སྤངས་པས་རྣམ་པར་དག་པ། བདག་ཉིད་ངལ་བའི་རྗེས་སུ་བརྩོན་པའི་མཐའ་ཡོངས་སུ་སྤངས་པས་རྣམ་པར་དག་པ། ལྷག་པའི་ཆོ་གས་རྣམ་པར་དག་པ། ལྷག་པའི་འཚོ་བས་རྣམ་པར་དག་པ། ཆོས་མཐུན་པ་དང༌། འགྲོགས་པས་རྣམ་པར་དག་པ། འཐབ་པ་མེད་པ་དང༌། རྩོད་པ་མེད་པས་རྣམ་པར་དག་པ། ཉོན་མོངས་པ་ཟིལ་གྱིས་མནན་པས་རྣམ་པར་དག་པ། ཉོན་མོངས་པ་དང་བྲལ་བས་རྣམ་པར་དག་པ། དམ་པའི་ཆོས་ཡང་དག་པར་འཛིན་པས་རྣམ་པར་དག་པའོ། །