45260

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསླབ་པའི་གོ་རིམ་རྣམ་དྲུག་བསྟན་པ་ (1)
Part of speech མིང་ཚིག
Definition འཇུག་སྒོ་དང་པོ་འདྲི་ཀློག་སྒྲ་ཚད་བསླབ། །གཉིས་པར་ཁྲིམས་བསྲུང་སྡེ་སྣོད་ཐོས་བསམ་བྱ། །གསུམ་པར་ལམ་འཇུག་བླ་མ་དམ་པ་བསྟེན། །བཞི་པར་མཉེས་བྱ་སྙན་བརྒྱུད་དམ་པ་ཉན། །ལྔ་པར་བསྒྲུབ་བྱ་མཐར་ཕྱིན་བརྩོན་འགྲུས་བརྩམ། །དྲུག་པར་གཞན་དོན་སྐྱོ་ངལ་མེད་པར་བྱ། །དེ་རྣམས་རྗེས་འཇུག་སྐྱེས་བུ་དམ་པའི་སྲོལ། །
Domain ཆོས་ལུགས།