45265

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསླབ་པའི་མཐའ་དྲུག་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། བསླབ་པའི་མཐའ་དྲུག་ནི། གཞི་དམ་ཚིག་གིས་བཟུང་བ། ཐག་ལྟ་བས་བཅད་པ། ལ་སྤྱོད་པས་དོར་བ། རིམ་པ་དབང་གིས་བགྲོད་པ། ཉམས་སུ་ཏིང་ངེ་འཛིན་གྱིས་ལེན་པ། དོན་མན་ངག་གིས་སྒྲུབ་པ་བཅས་དྲུག་སྟེ། གསང་སྔགས་བཀའི་ཐ་རམ་ལས། དེ་ལ་གཞི་དམ་ཚིག་གིས་བཟུང་བ་ནི་བླ་མ་མཉེས་པར་བྱ་བའོ༔ ལྟ་བས་ཐག་བཅད་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སེམས་སུ་འདུས་པ༔ སེམས་ཡེ་ནས་སངས་རྒྱས་ཏེ་བྱ་བ་མེད་པའོ༔ ལ་སྤྱོད་པས་དོར་བ་ནི་བྱ་བའི་ལས་ཐམས་ཅད་སྤངས་ནས་བསྒོམ་པའི་ལམ་ལ་འཇུག་པའོ༔ རིམ་པ་དབང་གིས་བསྒྲོད་པ་ནི་གསང་བའི་དབང་ཉོན་མོངས་པས་མི་བརྫི་བའི་ལས་ཅན་ནོ༔ ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ་ནི་ཤེས་རབ་དང་ཏིང་ངེ་འཛིན་གཡེང་བ་མེད་པས་ཉམས་སུ་བླང་ངོ་༔ དོན་མན་ངག་གིས་སྒྲུབ་པ་ནི་ཏིང་ངེ་འཛིན་ཐོབ་པའི་དུས་ན་བདག་གི་ལུས་ལ་བདུད་རྣམ་པ་བཞི་ཆོམ་པའོ༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སྐུ་གསུམ་ཡེ་ཤེས་བཞི་ཐོབ་པའོ༔ དེ་ལྟར་མཐའ་དྲུག་ལ་བསླབ་ཅིང་ཡོ་བྱད་གཉིས་ལ་ལོངས་སྤྱོད་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཞེས་བྱའོ༔ ཞེས་དང་། བཀའ་བརྒྱད་རྣམ་བཤད་ལས། །དེ་ལ་བསླབ་པའི་མཐའ་དྲུག་གང་ཞེ་ན། རིམ་པ་དབང་གིས་བགྲོད། གཞི་དམ་ཚིག་གིས་བཟུང༌། ཐག་ལྟ་བས་བཅད། ཉམས་སུ་ཏིང་ངེ་འཛིན་གྱིས་བླང༌། ལ་སྤྱོད་པས་དོར། དོན་མན་ངག་གིས་སྒྲུབ་པ་དྲུག་གོ ། ཞེས་གསུངས།
Domain [ཆོས་ལུགས།, ལྟ་གྲུབ།]