45268
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། རྒྱུད་ཀྱི་དངོས་པོ་བཅུ་གཅིག་སྟེ། འོད་གསལ་སྙིང་པོ་ལས། རྒྱུད་ཀྱི་དངོས་པོ་བཅུ་གཅིག་གམ་བསླབ་པའི་མཐའ་བཅུ་གཅིག་གི་ཚུལ་དུ་འཆད་དེ། དེ་ཁོ་ཉིད་ལྟ་བ། མི་གཡོ་བ་ཏིང་འཛིན། ལ་དོར་བ་སྤྱོད་པ་གསུམ་དང་། བཀོད་པ་དཀྱིལ་འཁོར། རིམ་པ་བགྲོད་པ་དབང་། མི་འདའ་བ་དམ་ཚིག་གསུམ་དང་། དོན་དུ་གཉེར་བ་སྒྲུབ་པ། གནས་སུ་སྟོབ་པ་མཆོད་པ། རོལ་པ་ཕྲིན་ལས་ཏེ་གསུམ་དང་། འཆིང་བ་ཕྱག་རྒྱ་དང་། ཟློས་པ་སྔགས་ཏེ། ས་བཅུ་གཅིག་གི་གྲངས་དང་མཚུངས་པར་བཞག་གོ །ཞེས་གསུངས། |
| Domain | ཆོས་ལུགས། |