45281
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གླེང་གཞི་ནི་དགེ་སློབ་མའི་བསླབ་པ་ལོ་གཉིས་སུ་མ་སྤྱད་པ་དེ་སྦོམ་དགའ་མོས་བསྙེན་རྫོགས་བྱེད་པ་ལ། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པ་ལས་སོ། །དགག་བྱ་ནི་དགེ་སློང་མའི་སྡོམ་པ་མི་བརྟན་པར་འགྱུར་བའོ། །དགེ་སློབ་མའི་སྡོམ་པ་བྱིན་དུ་ཟིན་ཀྱང་། དགེ་སློབ་མའི་བསླབ་པ་དེ་ལ་ལོ་གཉིས་སུ་མ་སྤྱད་པ་ཉིད་བསྙེན་པར་རྫོགས་པར་བྱེད་པ་ན་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་རོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། དགེ་སློབ་མའི་སྡོམ་པ་སྦྱིན་དུ་ཟིན་ཀྱང་དེའི་བསླབ་བྱ་ལ་སློབ་པ་ལོ་གཉིས་མ་ལོན་པར་མཁན་མོས་བསྙེན་རྫོགས་བྱེད་པ་ནི། བསླབ་པ་ལ་མ་བསླབ་པ་བསྙེན་རྫོགས་བྱེད་པའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |