45292

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསླབ་བྱིན་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། མདོ་སྡེ་པ་ལྟར་ན་དགེ་སློང་གིས་མི་ཚངས་པར་སྤྱད་ཅིང་འཆབ་སེམས་སྐྱེས་ན་ནི། གསོར་མི་རུང་ལ། འཆབ་སེམས་མེད་ན་ཡན་ལག་གཞན་ཚང་བ་ལ་ཕམ་པར་གཏོགས་པའི་སྦོམ་པོ་ལྕི་བ་འབྱུང་བས། སྦོམ་པོ་དག་པར་བྱ་བའི་དོན་དུ་བསླབ་པ་བྱིན་པ་སྟེ། ཇི་སྲིད་འཚོའི་བར་དུ་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་ཞིང་དམན་པའི་སྤྱོད་པ་ལྔ་དང་དུ་ལེན་པའི་ཡི་དམ་བར་མའི་དགེ་བ་བླངས་པ་ཡིན་ནོ། །
Domain ཆོས་ལུགས།
བསླབ་བྱིན་ (2)
Part of speech མིང་ཚིག
Definition སློབ་དཔོན་ཐོགས་མེད་ལ་སོགས་པ་སྔ་རབས་པ་རྣམས་ལྟར་ན་ཕམ་པ་བྱུང་ཞིང་འཆབ་སེམས་སྐྱེས་ན་ནི་གསོར་མི་རུང་ལ། འཆབ་སེམས་མེད་ཀྱང་ཡན་ལག་ཚང་ན་ཕམ་པར་འགྱུར་ཞིང་། ཕམ་པ་དེས་སྡོམ་པ་བཏང་བས་སླར་ཡང་སྡོམ་པ་བླངས་ནས་སྔར་གྱི་སྡོམ་པ་གཏོང་བྱེད་ཕམ་པ་དག་པར་བྱ་བའི་དོན་དུ་བསླབ་པ་བྱིན་པ་སྟེ། ཇི་སྲིད་འཚོའི་བར་དུ་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་བ་ལ་སོགས་པ་སྔ་མ་བཞིན་ནོ། །
བསླབ་བྱིན་ (3)
Part of speech མིང་ཚིག
Definition བྱེ་བྲག་སྨྲ་བ་ལྟར་ན། ཕམ་པ་བྱུང་ཞིང་འཆབ་སེམས་སྐྱེས་ན་ནི་གསོར་མི་རུང་ལ། འཆབ་སེམས་མེད་ཀྱང་ཡན་ལག་ཚང་ན་ཕམ་པར་འགྱུར་ཞིང་། ཕམ་པས་སྡོམ་པ་མི་གཏོང་ཡང་ཉམས་པར་བྱེད་པས་སྡོམ་པ་ཉམས་བྱེད་ཀྱི་ཕམ་པ་དག་པར་བྱ་བའི་དོན་དུ་བསླབ་པ་བྱིན་པ་སྟེ། ཇི་སྲིད་འཚོའི་བར་དུ་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་བ་ལ་སོགས་སྔ་མ་བཞིན་ནོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །