45293

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བསླབ་བྱིན་དགེ་སློང་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། ཕམ་པ་འཆབ་མེད་ཀྱིས་གོས་པའི་དགེ་སློང་གང་ཞིག ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་ཤིང་དམན་སྤྱོད་ལྔ་སྦྱིན་པ་ལྟར་དང་དུ་བླངས་པ་ཞིག་ལ་ཟེར། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བསླབ་པ་བྱིན་པ་ནི་འདྲ་བ་ཉིད་དོ། །ཞེས་དེ་ཉིད་ལྟུང་བ་སྡེ་ལྔ་བསྐྱེད་པའི་རྟེན་དུ་དགེ་སློང་རྣམ་དག་དང་འདྲ་བར་གསུངས་པའི་ཕྱིར། དམིགས་བསལ་གྱི་ལྟུང་བ་གསུམ་བསྐྱེད་པ་ལ་ནི་མི་འདྲ་སྟེ། དེ་ལ་འདུན་པ་ཕྱིར་བསྒྱུར་དང་། ལས་གྲལ་ནས་མ་སྨྲས་པར་འགྲོ་བ་དང་། དགྲ་བཅོམ་བདེན་སྨྲའི་ལྟུང་བྱེད་གསུམ་མི་འབྱུང་བའི་ཕྱིར། དང་པོ་གཉིས་དེར་ཐལ། དེ་ལས་ཀྱི་ཁ་སྐོང་དུ་མི་འོས་པའི་ཕྱིར། ཕྱི་མ་དེར་ཐལ། དེ་ཡིན་པའི་དགྲ་བཅོམ་མེད་པའི་ཕྱིར་ཏེ། དེས་དགྲ་བཅོམ་ཐོབ་པ་ན་དགེ་སློང་རྣམ་དག་ཏུ་སོང་བའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།