45346
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གསུམ་པའི་མེ་སྦྲུལ་ཕྱི་ལོ་ ༡༧༩༧ ལོར་སྐུ་འབུམ་མཆོད་གཞིས་ཀླུ་འབུམ་ལོན་པ་སྡེ་བར་ཡབ་ཕུན་ཚོགས་དང་། ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། ཨ་རིག་བྱམས་པ་མཆོག་ལྡན་དགེ་རྒན་དུ་བསྟེན། སྐུ་འབུམ་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། དབུས་སུ་ཕེབས། སེ་ར་ཐེག་ཆེན་གླིང་དུ་ཞུགས། ཐོས་བསམ་གང་ལེགས་གནང་། པཎ་ཆེན་བསྟན་པའི་ཉི་མའི་དྲུང་ནས་དགེ་ཚུལ་བསྒྲུབས། ཆོས་རྒྱུན་མང་དུ་གསན། ཕྱིར་རང་ཡུལ་དུ་ཕེབས། སྐྱབས་རྗེ་གསེར་ཁང་པ་ལས་བསྙེན་པར་རྫོགས། སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲིར་བཞུགས། འགྲིག་ལམ་དང་། ཀུན་སྤྱོད། སློབ་གཉེར་བཅས་ལ་གཟིགས་སྐྱོང་གནང་། སྨད་སོག་ཁལ་ཁའི་ཕྱོགས་སུ་ཕེབས། ཆོས་འཁོར་རྒྱ་ཆེར་བསྐོར། མཁར་སྔོན་ཤྲཱི་རི་ཡེ་ཐུ་དང་། སྟོང་འཁོར་ཧོ་ཐོག་ཐུ་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་སོགས་ལས་ཆོས་རྒྱུན་མང་དུ་གསན། སྒྲུབ་པ་ཉམས་ལེན་ཁོ་ནར་གཞོལ། དྲུག་ཅུ་པ་རབ་བྱུང་བཅུ་བཞི་པའི་མེ་འབྲུག་ཕྱི་ལོ་ ༡༨༥༦ ལོར་སྐུ་གཤེགས། སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་སོ་གཅིག་པ་ཡིན། |