4546

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲི་གཉན་གཟུངས་བཙན་ (1)
Part of speech མིང་ཚིག
Definition ཕོ་བྲང་ཡུམ་བུ་བླ་སྒང་དུ་ཡབ་ལྷ་ཐོ་ཐོ་རུ་དང་བཙུན་མོ་རྣོ་བཟའ་མང་མོ་རྗེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བཙུན་མོ་འབྲོ་བཟའ་དུང་པྱང་བཞེར་ཁབ་དུ་བཞེས་པའི་སྲས་འབྲོ་མཉེན་ལྡེ་འུ་འཁྲུངས། མཛངས་བློན་གསུམ་པ་ཁྲི་དོ་རིའི་སྣང་ཚབ་བྱ་བ་མཁས་པ་མོང་གི་བུས་བྱས། བཙན་པོ་འདིའི་རིང་རྨོ་དོར་ལྡེབས་ནས་ཐང་མར་ཞིང་རྨོས། ཚོང་ལས་འཇལ་བྱེད་བྲེ་སྲང་གསར་བཏོད་བྱས། མཛངས་བློན་གསུམ་པ་འདི་སྟག་རི་གཉན་གཟིགས་སྐབས་སུ་བཤད་པ་མང་ཡང་། ཏུན་ཧོང་བློན་ཆེན་གྱི་རབས་ལས་འདིར་བཤད་པ་ཁུངས་ཆེ་བར་སེམས། བང་སོ་དོན་མཁར་མདའ་ན་ཡོད། ཏུན་ཧོང་ཡི་གེར་ཁྲི་སྙ་ཟུང་བརྩན་དང་། ལྡེའུ་ཆོས་འབྱུང་དུ། ཁྲི་སྙ་ཟུངས་བཙན། ཉང་ཆོས་འབྱུང་། ས་ཆེན་རྒྱལ་རབས། རྒྱ་བོད་ཡིག་ཚང་། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས། ཁྲི་གཉན་གཟུང་བཙན། དེབ་དམར་དང་རྒྱལ་རབས་འཕྲུལ་ལྡེ་ལས། ཁྲི་གཉན་བཟུང་བཙན། སྔོན་གཏམ་མེ་ཏོག་ཕྲེང་བ་ལས། ཁྲི་གཉའ་གཟུང་བཙན། དེབ་སྔོན་དང་མཁས་པའི་དགའ་སྟོན་ལས། ཁྲི་གཉན་གཟུངས་བཙན། ཡར་ལུང་ཆོས་འབྱུང་ལས། ཁྲི་གཉན་ཟུང་བཙན། རྒྱལ་རབས་གསེར་ཕྲེང་ལས། ཁྲི་སྙན་བཟུང་བཙན། ལོ་རྒྱུས་ཀུན་དགའི་མེ་ལོང་ལས། ཁྲི་གཉའ་གཟུང་བཙན་སོགས་མཚན་གྱི་དག་ཆ་འབྲི་སྟངས་སྣ་ཚོགས་ཤིག་མཆིས།